ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཆབ་སྲིད་གྲོས་མོལ་བརྒྱུད། ལི་པུ་ཡཱའི་འགྲན་ཟླར་ལངས་པའི་གྲོས་ཁང་གཉིས་ཀྱིས་ཚེས་བཅུ་གཅིག་ཉིན་ཐུ་ནི་ཞི་ཡཱ་ནས་ཚེས་བཅུ་དྲུག་ཉིན་ཞི་བདེའི་གྲོས་མཐུན་འགོད་རྒྱུ་ཁྱབ་སྒྲོག་བྱས། གྲོས་མོལ་ལ་མགོ་འཛིན་བྱེད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཁི་པུའུ་ལེ་ཡིས་བསྟན་དོན། གྲོས་ཚོགས་ལ་ཞུགས་པའི་འཐུས་མིར་ཐུན་མོང་གི་ལྟ་ཚུལ་རྒྱ་ཆེན་པོ་བྱུང་བ་དང་། ཞི་བདེའི་གྲོས་མཐུན་བཀོད་ན་ལི་པུ་ཡཱ་ལ་ད་གཟོད་གཅིག་གྱུར་གང་མགྱོགས་ཀྱིས་སླར་གསོ་བྱེད་པའི་རེ་བ་ཡོད་པར་འདོད། ཉིས་སྟོང་བཅུ་གཅིག་ལོར་ལི་པུ་ཡཱའི་འཐབ་འཁྲུག་བྱུང་རྗེས། ལི་པ་ཡཱའི་ཆབ་སྲིད་གནས་བབ་བརྟན་འཇགས་མིན། ན་ནིང་ཟླ་བརྒྱད་པའི་ཚུན་ལ། ལི་པུ་ཡཱ་རུ་གྲོས་ཁང་གཉིས་དང་སྲིད་གཞུང་གཉིས་འགྲན་ཟླར་ལངས་པའི་སྣང་ཚུལ་བྱུང་། ཕྱོགས་ཁག་གཉིས་ཀྱི་འཁྲུག་རྩོད་རྒྱུན་ཆད་མེད་པ་དང་། ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རིང་ལུགས་ཀྱིས་གོ་སྐབས་དེ་དང་བསྟུན་ནས་ལི་པུ་ཡཱའི་མངའ་ཁོངས་སུ་སྟོབས་ཤུགས་རྒྱ་བསྐྱེད་བཞིན་ཡོད།

རྩོམ་སྒྲིག་པ། མཁའ་མཚོ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

འཇར་པན་དང་ཨུ་རུ་སི་ཡིས་སང་ལོའི་ལོ་མགོར་པུའུ་ཀྲང་གཞོན་པ་རིམ་པའི་གྲོས་མོལ་སྤེལ་ཏེ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སི་ལ་འཚམས་འདྲི་བྱེད་པར་རྨང་འདིང་རྒྱུ་རེད།

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།