ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སེར་ཝེ་ཡཱའི་ཙུང་ལི་ཝུའུ་ཆི་ཆི་ཡིས་ཚེས་བཅུའི་ཉིན་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཡོ་རོབ་གླིང་ཁྱིམ་མཚེས་རྒྱལ་ཁབ་ཀྱི་སྲིད་ཇུས་དང་གྲོས་མོལ་རྒྱ་བསྐྱེད་ཀྱི་འགན་ཁུར་བའི་ཨུ་ཡོན་ཧཱ་ཨིན་དང་གྲོས་མོལ་བྱས་རྗེས་བསྟན་དོན། སེར་ཝེ་ཡཱ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་གི་སྔོན་ལ་ཡོ་རོབ་གླིང་མནའ་འབྲེལ་ནང་མ་ཞུགས་གོང་གི་བཅོས་བསྒྱུར་བྱ་བ་སྣ་ཚོགས་ཡོངས་འགྲུབ་བྱེད་རྩིས་ཡོད་པ་དང་། ཉིས་སྟོང་ཉི་ཤུ་ལོ་དང་ཡང་ན་ཉིས་སྟོང་ཉེར་གཉིས་ལོར་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་ཐུབ་ཟེར།

ཝུའུ་ཆི་ཆི་དང་ཧཱ་ཨིན་གྱིས་ཉིན་དེར་པེ་ཨར་ཀི་ལེ་ཏི་ནས་གྲོས་མོལ་བྱས་རྗེས་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས། ཡོ་རོབ་གླིང་མནའ་འབྲེལ་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་སྲིད་གཞུང་བར་གྱི་གྲོས་ཚོགས་སྤེལ་རྒྱུ་ཡིན་པ་དང་། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ལེའུ་གཉིས་ཀྱི་གྲོས་མོལ་དངོས་སུ་མགོ་རྩོམ་པའི་ཐད་ནས་ཝུའུ་ཆི་ཆི་ཡིས་བཤད་རྒྱུར། ཉིན་དེ་ནི་སེར་ཝེ་ཡཱ་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བ་དང་། སེར་ཝེ་ཡཱ་ཡིས་དོན་དེའི་ཐད་འབད་བརྩོན་ཆེན་པོ་བྱས་ཡོད་ཀྱང་། མུ་མཐུད་དུ་བྱ་བ་མང་བོ་བསྒྲུབ་དགོས་ཟེར།

ཝུའུ་ཆི་ཆི་ཡིས་བསྟན་དོན། སེར་ཝེ་ཡཱ་ཡིས་ཉིས་སྟོང་བཅུ་དགུ་ལོའི་ལོ་མཇུག་གི་སྔོན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་འབྲེལ་ཡོད་བཅོས་བསྒྱུར་ཚང་མ་ཡོངས་འགྲུབ་བྱེད་པའི་རེ་བ་ཡོད་ལ། སྐབས་ཐོག་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་སེར་ཝེ་ཡཱ་དེ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཏུ་དང་ལེན་བྱེད་མིན་ཐག་གཅོད་བྱེད་དགོས། ཁོས་ད་རུང་སེར་ཝེ་ཡཱ་རྒྱལ་ཁབ་ཉིས་སྟོང་ཉི་ཤུ་ལོ་དང་ཡང་ན་ཉིས་སྟོང་ཉེར་གཉིས་ལོར་ཡོ་རོབ་གླིང་མནའ་འབྲེལ་དུ་ཞུགས་ཐུབ་ངེས་རེད་ཟེར།

སེར་ཝེ་ཡཱ་ཡིས་ཉིས་སྟོང་དགུ་ལོའི་ཟླ་བཅུ་གཉིས་པར་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་རེ་ཞུ་བཏོན་པ་རེད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཕྱི་འབྲེལ་དང་བདེ་འཇགས་སྲིད་ཇུས་ཀྱི་མཐོ་རིམ་འཐུས་མི་མའོ་ཀའེ་ལི་ནེ་ཡིས་ད་ལོའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན་བསྟན་དོན། སེར་ཝེ་ཡཱ་ཡིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་ལེའུ་གཉིས་ཀྱི་གྲོས་མོལ་མགོ་རྩོམ་རྒྱུ་ཡིན་ཟེར། སེར་ཝེ་ཡཱ་ཡོ་རོབ་གླིང་མནའ་འབྲེལ་ནང་ཞུགས་པའི་གྲོས་མོལ་ལ་བསྡོམས་པས་ལེའུ་སོ་ལྔ་ཡོད་པ་དང་། དེའི་ནང་ལེའུ་སོ་གཉིས་ནི་ནོར་སྲིད་ཚོད་འཛིན་ཡིན་པ་དང་། ལེའུ་སོ་ལྔ་བ་ནི་གནད་དོན་གཞན་པའི་སྐོར་ཡིན་ལ། གཙོ་བོ་ཁི་སོ་བོ་ཡི་གནད་དོན་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།