ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་མཚོ་དམག་གི་གྲུ་གཟིངས་བཟོ་གྲྭས་ཚེས་དགུའི་ཉིན་བསྟན་དོན། ཡོ་ནན་གྱིས་ཨུ་རུ་སི་ནས་མངག་ཉོ་བྱས་པའི་ཅི་ལོ་རིམ་པའི636རྟགས་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ལྔ་བ་དེ་སྐྱེལ་འདྲེན་བྱེད་རྩིས་ཡོད་ལ། མི་འགྱངས་པར་ཡོ་ནན་གྱི་ཅིན་ལན་མཚོ་ཁུགས་སུ་འབྱོར་སྲིད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སི་དང་ཡོ་ནན་གྱི་ཅི་ལོ་རིམ་པའི636རྟགས་ཅན་གྱི་ཁྲེ་སྣུམ་དང་གློག་སྒུལ་ཅན་གྱི་ཆུ་འཛུལ་གྲུ་གཟིངས་དྲུག་འདོན་སྤྲོད་བྱེད་པའི་གན་རྒྱ་ནི་ཉིས་སྟོང་དགུའི་ལོར་ཡོ་ནན་གྱི་ཙུང་ལི་རོན་ཅིན་ཡུང་གིས་མའོ་སི་ཁི་རུ་འཚམས་འདྲི་བྱེད་སྐབས་བཀོད་པ་རེད། ཨུ་རུ་སིའི་ཕྱོགས་ཀྱིས་ད་རུང་ཡོ་ནན་གྱི་མི་སྣར་གསོ་སྦྱོང་བྱེད་པའི་འགན་ཁུར་ཡོད། གྲུ་གཟིངས་ཐོག་མ་ཧི་ནེ་རྟགས་ཅན་དང་གཉིས་པ་ཧུའུ་ཀྲི་མེན་གྲོང་ཁྱེར་རྟགས་ཅན་དེ་ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར་ཡོ་ནན་ནས་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་དང་། དེ་ལས་གཞན་མཚོ་འགོག་རྟགས་ཅན་དང་མཐུན་བསྟོད་རྟགས་ཅན་གཉིས་ཀྱང་ད་ལོའི་ཟླ་བརྒྱད་པར་དངོས་སུ་བེད་སྤྱོད་བྱེད་མགོ་བརྩམས་པ་རེད།

ཅི་ལོ་རིམས་པའི636རྟགས་ཅན་གྱི་ཁྲེ་སྣུམ་དང་གློག་སྒུལ་ཅན་གྱི་ཆུ་འཛུལ་གྲུ་གཟིངས་ནི་འཛམ་གླིང་སྟེང་གྲག་སྒྲ་ཆེས་ཆུང་བའི་ཆུ་འཛུལ་གྲུ་གཟིངས་ཤིག་ཡིན་པ་དང་། དེར་མི་ལྔ་གཉིས་ཤོང་ཐུབ།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།