འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་དང་ཨུ་རུ་སིའི་འབྲེལ་ཡོད་མི་སྣ་མང་བོས་བཤད་པ་ལྟར་ན། འཇར་པན་དང་ཨུ་རུ་སི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཚེས་བཅུ་ཉིན་ནས་བཟུང་ཆེས་སྔ་ན་སང་ལོའི་ལོ་མགོར་ཏུང་ཅིན་ནས་པུའུ་ཀྲང་གཞོན་པ་རི་པའི་གྲོས་མོལ་བྱ་འགུལ་སྤེལ་བར་ཞིབ་འཇུག་བྱེད་མགོ་བརྩམས་ཟེར། ཚོད་དཔག་བྱས་ན་འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་སང་ལོའི་དཔྱིད་ཀར་ཨུ་རུ་སིའི་ས་གནས་གྲོང་ཁྱེར་ལ་འཚམས་འདྲི་བྱེད་རྩིས་ཡོད་པས། གྲོས་མོལ་ནི་དོན་དེའི་ཐད་རྨང་འདིང་བའི་ཆེད་དུ་རེད། གྲོས་མོལ་དེ་སང་ལོའི་ཟླ་དང་པོའི་ཟླ་སྨད་ནས་ཟླ་གཉིས་པའི་ཟླ་སྟོད་བར་སྤེལ་རྒྱུའི་འཆར་གཞི་ཡོད་ལ། མཚམས་བཞག་པའི་མངའ་ཁོངས་རྩོད་གཞིའི་གྲོས་མོལ་ལ་གྲུབ་འབྲས་ཙམ་འབྱུང་མིན་དེ་བྱ་བའི་གཙོ་གནད་ཡིན་སྲིད།

ཨན་པའེ་ཅིན་སན་གྱིས་འཚམས་འདྲི་བྱེད་པའི་དུས་ཚོད་ཐད་ནས་འཇར་པན་སྲིད་གཞུང་གིས་ཨུ་རུ་སིའི་ཕྱོགས་དང་གྲོས་མོལ་བྱས་ཏེ་སྙོམས་སྒྲིག་བྱེད་རྒྱུ་ཡིན་ལ། ཚོད་དཔག་བྱས་ན་བཞུད་རིམ་ནི་ཉིན་གསུམ་དང་ཞག་གཉིས་རེད། ཟླ་གཉིས་པའི་ཟླ་དཀྱིལ་དང་ཡང་ན་ཟླ་གསུམ་པའི་ཟླ་སྨད་ཀྱི་གཟའ་མཇུག་དང་ཡང་ན་དུས་ཆེན་གྱི་སྐབས་དང་བསྟུན་ནས་ཨུ་རུ་སི་ལ་འཚམས་འདྲི་བྱེད་སྲིད་ངེས་རེད།

བསྒྲགས་པ་ལྟར་ན། འཇར་པན་སྲིད་གཞུང་གི་མཐོ་རིམ་དཔོན་པོས་ཟླ་འདིའི་ཟླ་སྟོད་ལ་ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མི་སྣ་དང་མཉམ་དུ་ཏུང་ཅིན་ནས་གྲོས་མོལ་བྱས་ཏེ། ཨུ་རུ་སིའི་ཕྱོགས་ལ་ཨན་པའེ་ཅིན་སན་གྱིས་སྔ་མོ་ནས་ཨུ་རུ་སི་ལ་འཚམས་འདྲི་བྱེད་འདོད་པའི་བསམ་ཚུལ་བསྟན་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་དོན་དེར་དགའ་བསུ་བྱེད་པའི་ཚུལ་བསྟན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་ཐུར་ཁེ་ནས་བསྡུས་པའི་འཇར་པན་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་སྐབས་སུ་ཨན་པའེ་ཅིན་སན་གྱིས་ཨུ་རུ་སིའི་ས་གནས་གྲོང་ཁྱེར་ལ་འཚམས་འདྲི་བྱེད་པའི་གྲོས་གཞི་བཏོན་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།