ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གིས་ཚེས་བཅུའི་ཉིན་ཡེ་མིན་རྒྱལ་ནང་གི་འཁྲུག་རྩོད་མཇུག་སྒྲིལ་རྗེས་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། ཡེ་མིན་གྱི་བསྐྱར་འཛུགས་གནད་དོན་ལ་གྲོས་བསྡུར་བྱེད་དགོས་པའི་འབོད་སྐུལ་བཏང་།

ལོ་རེར་ཐེངས་རེ་བསྡུ་བཞིན་པའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་དེ་ཚེས་བཅུའི་ཉིན་ལེ་ཡཱ་ཏི་ནས་གྲོལ། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཀྲ་ཡེ་ནེ་ཡིས་གྲོས་ཚོགས་ཀྱི་གསལ་སྒྲོག་ཁྱབ་སྒྲོག་བྱས་ཏེ་བཤད་རྒྱུར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ནམ་རྒྱུན་ཡེ་མིན་གྱི་ཞི་བདེ་དང་བརྟན་འཇགས་མངོན་འགྱུར་བྱེད་པའི་ཐད་འབད་བརྩོན་བྱེད་བཞིན་ཡོད་པ་དང་། ཆབ་སྲིད་ཀྱི་ཐབས་ལ་བརྟེན་ནས་ཡེ་མིན་གྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་ཟེར། མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གིས་ཡེ་མིན་གྱི་འཁྲུག་རྩོད་མཇུག་སྒྲིལ་རྗེས། ཡེ་མིན་བསྐྱར་འཛུགས་བྱེད་པའི་རྒྱལ་སྤྱིའི་གྲོས་ཚོགས་བསྡུས་ཏེ། ཡེ་ཡིན་གྱི་དཔལ་འབྱོར་འཛུགས་སྐྲུན་སླར་གསོ་བྱེད་པར་རོགས་རམ་བྱེད་དགོས་པའི་འབོད་སྐུལ་བཏང་།

ན་ནིང་ཟླ་དགུ་བར། ཡེ་མིན་གྱི་ཧུའུ་སེ་དྲག་ཆས་པས་རྒྱལ་ས་སཱ་ནཱ་བཙན་བཟུང་བྱས་རྗེས། ལྷོ་ཕྱོགས་ས་ཁུལ་ཡང་བཙན་བཟུང་བྱས་ཏེ། ཙུང་ཐུང་ཧཱ་ཏིས་སོ་ཏི་ཨ་རབ་ཏུ་བྲོས་བྱོལ་བྱེད་དགོས་བྱུང་། ད་ལོའི་ཟླ་གསུམ་པར། སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱིས་ཧུའུ་སེ་དྲག་ཆས་པར་དམིགས་ཏེ་གཅིག་ཆོད་དྲག་རླུང་ཞེས་པའི་བར་སྣང་འཇབ་རྒོལ་འགུལ་སྐྱོད་སྤེལ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བར་འདུམ་འོག ཡེ་མིན་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་གཟའ་འཁོར་རྗེས་མར་སུའེ་ཙེར་ནས་ཞི་བའི་གྲོས་མོལ་བྱེད་རྒྱུ་རེད། ཡེ་མིན་གྱི་ཙུང་ཐུང་ཧཱ་ཏིས་ཀྱིས་ཟླ་འདིའི་ཚེས་བཅོ་ལྔ་ཉིན་ནས་བཟུང་ཉིན་བདུན་ལ་འཁྲུག་རྩོད་མཚམས་བཞག་སྟེ་ཞི་བའི་གྲོས་མོལ་ལ་ཆ་རྐྱེན་བཟང་བོ་བསྐྲུན་རྒྱུ་ཁྱབ་སྒྲོག་བྱས།

མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོ་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་སོ་ཏི་ཨ་རབ་དང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། ཁཱ་ཐར། ཁི་ཝེ་ཐི། པཱ་ལིན། ཨ་མན་བཅས་རྒྱལ་ཁབ་ཀྱི་མགོ་གཙོ་དང་འཐུས་མི་ཐེངས་འདིའི་མགོ་གཙོའི་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།