ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་ཕྱི་འབྲེལ་པུའུ་ཡིས་ཚེས་བཅུའི་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་རག་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་ཨ་རབ་རྒྱལ་ཁབ་མནའ་འབྲེལ་སོགས་རྒྱལ་སྤྱིའི་རྩ་འཛུགས་མང་བོར་འབྲེལ་གཏུག་བྱས་ནས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གཅིག་གྱུར་ལངས་ཕྱོགས་མཐུན་སྦྱོར་ཡོང་བར་བྱས་ནས་ཐུར་ཁེས་དབྱི་རག་གི་མངའ་ཁོངས་སུ་དམག་དཔུང་བཀོད་སྒྲིག་བྱེད་པའི་བྱ་སྤྱོད་ལ་རྒོལ་གཏམ་གཏོང་བར་བརྩོན་ལེན་བྱེད་རྒྱུ་རེད།

དབྱི་རག་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཅཱ་མེད་ལེ་ཡིས་གསལ་སྒྲོག་ནང་བཤད་རྒྱུར། དབྱི་རག་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལྔ་དང་བཅས་པའི་རྒྱལ་ཁབ་མང་བོར་འབྲེལ་གཏུག་བྱས་ཤིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལངས་ཕྱོགས་གཅིག་གྱུར་བྱས་ཏེ། ཐུར་ཁེའི་བྱ་སྤྱོད་དེར་རྒོལ་གཏམ་གཏོང་དགོས་པའི་རེ་བ་བཏོན་ཡོད་ཟེར།

དབྱི་རག་ཕྱོགས་ཀྱིས་ད་རུང་དུས་མཉམ་དུ་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱིས་པུའུ་ཀྲང་རིམ་པའི་གནས་སྐབས་གྲོས་ཚོགས་ཤིག་བསྡུས་ཏེ། ཐུར་ཁེས་དབྱི་རག་མངའ་ཁོངས་སུ་བཙན་འཛུལ་བྱས་པ་ལས་འབྱུང་སྲིད་པའི་མཇུག་འབྲས་ལ་གྲོས་བསྡུར་བྱེད་པ་དང་། ཨ་རབ་རྒྱལ་ཁབ་དག་གིས་བཙན་འཛུལ་གྱི་བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་བྱེད་པའི་གཅིག་གྱུར་ལངས་ཕྱོགས་འགྲུབ་པར་བྱེད་དགོས་པའི་རེ་བ་བཏོན།

དབྱི་རག་གསར་འགྱུར་ལས་རིགས་ཀྱིས་ཉེ་སྔོན་བསྒྲགས་པ་ལྟར་ན། སྟོང་ཤོག་རིམ་པའི་གཞི་རྒྱ་ཡོད་པའི་ཐུར་ཁེའི་འཁྲབ་ལྡན་འཁོར་ལོའི་དམག་དཔུང་རྒྱལ་མཚམས་བརྒལ་ནས་དབྱི་རག་གི་མངའ་ཁོངས་སུ་ཡོང་སྟེ། དབྱི་རག་གི་གྲོང་ཁྱེར་ཆེན་མོ་གཉིས་པ་མའོ་སུའུ་ཨར་ཉེ་འདབས་སུ་བཀོད་སྒྲིག་བྱས་ཡོད། དབྱི་རག་སྲིད་གཞུང་གིས་ཐེངས་མང་བོར་ཐུར་ཁེས་ཆོག་མཆན་མ་ཐོབ་པར་དབྱི་རག་གི་མངའ་ཁོངས་སུ་ཡོང་བའི་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་སྐུལ་མ་བཏང་ཡང་། ཐུར་ཁེའི་ཕྱོགས་ཀྱིས་དབྱི་རག་གི་མངའ་ཁོངས་སུ་ཡོད་པའི་དམག་དཔུང་ཕྱིར་འཐེན་བྱེད་མི་སྲིད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

རྒྱ་གར་དང་ཕཱ་ཁི་སི་ཐན་གྱིས་ཛ་དྲག་གི་གནས་བབ་ཞི་འཇགས་སུ་བཏང་སྟེ་ཕྱོགས་གཉིས་ཀྱི་གྲོས་མོལ་སླར་གསོ་བྱས།

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།