ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཁཱ་ཐི་ཡིས་ཚེས་དགུའི་ཉིན་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་སྲིད་གཞུང་དམག་དཔུང་གི་རོགས་སྐྱོར་ལ་ཤུགས་སྣོན་བྱས་ཤིང་། དབྱི་རག་སྲིད་གཞུང་དམག་དཔུང་ལ་རོགས་རམ་བྱས་ཏེ་ད་ལོའི་ཟླ་ལྔ་བར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་གྲོང་ཁྱེར་གཙོ་བོ་ལཱ་མཱ་ཏིས་ཕྱིར་འཕྲོག་ལེན་བྱེད་འདོད་ཡོད་ཟེར།

ཁཱ་ཐི་ཉིན་དེར་གྲོས་ཞུགས་ཁང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཉན་ཞིབ་གྲོས་ཚོགས་ལ་ཞུགས་སྐབས་བཤད་རྒྱུར། གལ་ཏེ་མ་འོངས་པའི་འཐབ་འཁྲུག་གི་དགོས་མཁོའམ་ཡང་ན་དབྱི་རག་གི་ཙུང་ལི་ཨ་པཱ་ཏིས་ཀྱིས་རེ་བ་བཏོན་ན། ཨ་མེ་རི་ཁའི་དམག་དཔུང་གིས་དབྱི་རག་སྲིད་གཞུང་དམག་དཔུང་ལ་མི་སྣ་དང་། དྲག་ཆས་གྱེན་འཕུར་གནམ་གྲུ་སོགས་དམག་དོན་རོགས་སྐྱོར་བྱས་ཏེ། ལཱ་མཱ་ཏིས་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་འདོད་ཡོད་ཟེར།

ད་ལོའི་ཟླ་ལྔ་བའི་ཚེས་བཅུ་བདུན་ཉིན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་ཨན་པཱ་ཨར་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ལཱ་མཱ་ཏིས་བཙན་བཟུང་བྱས་པ་རེད། དེ་ནི་དབྱི་རག་སྲིད་གཞུང་དམག་དཔུང་གིས་ཉིས་སྟོང་བཅུ་བཞི་ལོའི་ཟླ་དྲུག་པར་ཕྱོགས་ཡོངས་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་བཏང་བའི་ཚུན་གྱི་ཕམ་ཁ་ཆེས་ཆེན་པོ་ཞིག་རེད།

དབྱི་རག་དམག་དཔུང་གིས་ཟླ་སྔོན་མ་ནས་བཟུང་ལཱ་མཱ་ཏིས་གྲོང་ཁྱེར་ཕྱིར་འཕྲོག་ལེན་བྱེད་པའི་གཞི་རྒྱ་ཆེ་བའི་དམག་དོན་འགུལ་སྐྱོད་སྤེལ་མགོ་བརྩམས། མིག་སྔའི་བར་ལཱ་མཱ་ཏིས་ཉེ་འཁོར་གྱི་ས་ཁུལ་མང་བོ་ཞིག་ཕྱིར་འཕྲོག་ལེན་བྱས་པ་དང་། རིམ་བཞིན་ལཱ་མཱ་ཏིས་གྲོང་ཁྱེར་གྱི་མཐའ་བསྐོར་ནས་ཉེ་སར་བཅར་བཞིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།