ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། སི་ཝ་ལཱ་ཅེ་ཡིས་ཕཱ་ཁི་སི་ཐན་གྱི་ཙུང་ལིའི་རྒྱལ་ཁབ་བདེ་འཇགས་དང་ཕྱི་དོན་གྱི་བློ་འདོན་པ་ཨ་ཆི་ཙི་ལ་ཐུག་འཕྲད་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པའི་རྒྱ་གར་དང་ཕཱ་ཁི་སི་ཐན་གྱི་མཉམ་འབྲེལ་གསལ་སྒྲོག་ལྟར་ན། རྒྱལ་ཁབ་གཉིས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་དགུའི་ཉིན་མཐོ་རིམ་བར་གྱི་ཞི་བའི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་། བྱ་སྤྱོད་དེ་ལས་ཁྱིམ་མཚེས་རྒྱལ་ཁབ་བར་གྱི་ཛ་དྲག་གི་འབྲེལ་བ་ཞི་འཇགས་སུ་སོང་བ་མཚོན་ཡོད།

དེར་དབྱི་སི་ལན་པའོ་ནས་བསྡུས་པའི་ས་ཁུལ་རང་བཞིན་གྱི་གྲོས་ཚོགས་སྟེང་གྲོས་འཆམ་བྱུང་བ་རེད། རྒྱ་གར་གྱི་ཕྱི་འབྲེལ་བློན་ཆེན་སི་ཝ་ལཱ་ཅེ་ཡང་གྲོས་ཚོགས་དེར་ཞུགས་པ་རེད། གྲོས་ཚོགས་སྐབས་སུ་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་དང་ཕཱ་ཁི་སི་ཐན་གྱི་ཙུང་ལི་ཞེ་ལི་ཧྥུའུ་ཡིས་ཐཱ་ལེ་པན་བར་གྱི་ཞི་བདེའི་འཕེལ་རིམ་སླར་གསོ་བྱེད་པར་ཡང་གྲོས་མོལ་བྱས།

སི་ཝ་ལཱ་ཅེ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ཛ་དྲག་གི་གནས་སུ་ལྷུང་བའི་གྲོས་མོལ་སླར་གསོ་བྱེད་པར་འཐད་པ་བྱུང་ཡོད། ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན། སི་ཝ་ལཱ་ཅེ་ཡིས་ཞེ་ལི་ཧྥུའུ་དང་དེའི་ཕྱི་འབྲེལ་ལས་དོན་གྱི་བློ་འདོན་པ་ཨ་ཆི་ཙི་ལ་ཐུག་འཕྲད་བྱས། ཁོས་བཤད་རྒྱུར། ང་ཚོས་གྲོས་མོལ་འཕེལ་རིམ་མགོ་རྩོམ་རྒྱུ་ཡིན་ཟེར།

ཕྱོགས་གཉིས་ཀྱི་གྲོས་མོལ་ལ་ཞི་བདེ་དང་བདེ་འཇགས། དེ་མིན་ཁི་ཧྲི་མུས་ཨར་དང་བཅས་པའི་ས་ཁོངས་རྩོད་གླེང་གནད་དོན་འདུས་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།