ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱིས་ཚེས་དགུའི་ཉིན་སྙན་ཞུ་སྤེལ་ཏེ། ལྟོགས་སྐོམ་སེལ་བ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཉིས་སྟོང་བཅོ་ལྔ་ལོའི་རྗེས་ཀྱི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་གྱི་དམིགས་འབེན་གལ་ཆེན་ཞིག་ཡིན་པ་དང་། ཉོ་ཚོང་ནི་དམིགས་འབེན་དེ་མངོན་འགྱུར་བྱེད་བྱེད་ཐབས་ཤིག་ཡིན། དེ་བས་རྒྱལ་ཁབ་སོ་སོས་ཞིང་ལས་དང་ཉོ་ཚོང་སྲིད་ཇུས་ལ་མཐུན་སྦྱོར་གང་ལེགས་བྱེད་དགོས་ཟེར།

མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་འཕེལ་རྒྱས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཀི་ལཱ་ཆི་ཡཱ་ནོའུ་ཡིས་ཞིང་ཞོར་ཐོན་རྫས་ཚོང་རའི་སྙན་ཞུ་དེའི་ནང་བཤད་རྒྱུར། འཛད་སྤྱོད་དང་ཐོན་སྐྱེད་རྣམ་པར་རྒྱུན་ཆད་མེད་པར་འགྱུར་ལྡོག་བྱུང་བ་དང་བསྟུན་ནས། ཞིང་ཞོར་ཐོན་རྫས་ཀྱི་ཉོ་ཚོང་གིས་འབྲུ་རིགས་དཀོན་པའི་རྒྱལ་ཁབ་ཀྱི་ཉིན་རེ་འཕར་བཞིན་པའི་དགོས་མཁོ་བསྐང་བའི་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་དགོས་ཟེར།

ཉིས་སྟོང་བཅོ་ལྔ་ལོ་ནས་ཉིས་སྟོང་བཅུ་དྲུག་ལོའི་བར་གྱི་སྙན་ཞུ་ལས་ནན་གྱིས་བསྟན་དོན། ཉོ་ཚོང་གི་ནུས་པ་དེ་རྒྱལ་ཁབ་ཀྱི་ཁྱད་ཆོས་མི་འདྲ་བར་རག་ལས། དཔེར་ན་ཡོང་འབབ་དང་དཔལ་འབྱོར། ས་ཞིང་བདག་བཟུང་གྲུབ་ཚུལ། དེ་མིན་ཞིང་ལས་འཕེལ་རྒྱས་དུས་རིམ། ཞིང་བ་འཛམ་གླིང་ཡོངས་ཀྱི་རིན་ཐང་ལྟ་བའི་ཁྲོད་ཞུགས་ཚད་སོགས་ལ་འབྲེལ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།