ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥུན་ལན་དུ་འཚམས་འདྲི་བྱེད་བཞིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་དགུའི་ཉིན་བསྟན་དོན། ཡུལ་གྱར་བའི་ཉམས་ཉེན་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་དགོས་ཟེར།

ཕན་ཅི་ཝུན་ཉིན་དེར་ཧི་ཨར་ཞིན་ཅི་ནས་ཧྥུན་ལན་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་ནས་ལོ་ངོ་དྲུག་ཅུ་འགོར་བའི་རྗེས་དྲན་བྱ་འགུལ་ལ་ཞུགས་སྐབས་གཏམ་བཤད་གལ་ཆེན་སྤེལ། ཡུལ་གྱར་བའི་གནད་དོན་གླེང་སྐབས་ཕན་ཅི་ཝུན་གྱིས་བཤད་རྒྱུར། མིག་སྔར་འཛམ་གླིང་ཡོངས་སུ་བསྡོམས་པས་མི་བྱེ་དྲུག་ལྷག་འཐབ་འཁྲུག་དང་དབུལ་ཕོངས་སོགས་རྒྱུ་རྐྱེན་དབང་གིས་རང་ཁྱིམ་དང་ཁ་བྲལ་ཏེ་ཡུལ་གྱར་བར་གྱུར་ཡོད། ཡུལ་གྱར་བའི་ཉམས་ཉེན་ནི་འཛམ་གླིང་རང་བཞིན་གྱི་སྣང་ཚུལ་ཞིག་ཡིན་པས། ཡུལ་གྱར་བའི་གནད་དོན་ཐག་གཅོད་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་ལས་བྱེད་དགོས་ཟེར།

ཕན་ཅི་ཝུན་གྱིས་བཤད་རྒྱུར། ང་ཚོས་འགན་འཁྲི་དང་འོས་འགན་ཁུར་དུ་ལེན་པའི་འཛམ་གླིང་ཡོངས་ཀྱི་ཆིངས་ཡིག་འགོད་དགོས་པ་དང་། ང་ཚོས་ཚེ་སྲོག་སྐྱོབས་དགོས། ང་ཚོས་ངེས་པར་དུ་ཡུལ་གྱར་བར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱེད་དགོས་ཟེར།

ཕན་ཅི་ཝུན་གྱིས་ད་རུང་བསྟན་དོན། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་འགྲོ་མིའི་ཐོབ་ཐང་ལ་འགན་སྲུང་བྱེད་པར་གལ་འགངས་ཧ་ཅང་ཆེ། ང་ཚོས་མི་གང་རུང་ལ་མཐོང་ཆུང་བྱེད་མི་རུང་ལ། རྒྱལ་ཁབ་དང་རིགས་རྒྱུད་མི་འདྲ་བའི་དབང་གིས་མི་གང་རུང་ལ་སྡང་སེམས་འཛིན་མི་རུང་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།