ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཚེས་བརྒྱད་ཉིན་ཐུར་ཁེ་རྒྱལ་ཁབ་ཀྱིས་ཨུ་རུ་སིའི་གསར་འགོད་པ་མཐར་སྐྲོད་བཏང་བའི་བྱ་སྤྱོད་ལ་རྒོལ་གཏམ་བཏང་།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་ཉིན་དེར་རང་གི་དྲ་ཚིགས་སྟེང་སྤྱི་སྒྲོག་སྤེལ་ཏེ། ཟླ་འདིའི་ཚེས་བདུན་ཉིན། ཨུ་རུ་སིའི་བརྙན་འཕྲིན་ཁང་དང་པོའི་བརྙན་ཕབ་ཚན་ཆུང་ཐུར་ཁེའི་ཤར་ལྷོའི་ཕྱོགས་ཀྱི་སི་རི་ཡཱ་དང་འབྲེལ་བའི་ཧཱ་ཐཱ་དབྱེ་ཞིང་ཆེན་ནས་ཐོབ་ཐང་གསལ་བོར་མི་ཤེས་པའི་མི་སྐོར་ཞིག་གིས་བཀག་འཇུག་བྱས་པ་དང་། དམག་ལྭ་གྱོན་མེད་ཅིང་ཐོབ་ཐང་དཔང་ཡིག་ཀྱང་མི་སྟོན་པའི་མི་དེ་དག་གིས་ཁོ་ཚོ་ས་དེའི་ཉེན་རྟོག་ཅུའུ་རུ་ཁྲིད་པ་ཡིན་ལ། ཁོ་ཚོ་ཐུར་ཁེ་ནས་མཐར་སྐྲོད་བཏང་བར་བཤད། རྒྱུ་མཚན་ནི་ཕྱི་རྒྱལ་གྱི་གསར་འགོད་པའི་ཐུར་ཁེའི་བྱ་སྤྱོད་ཚད་གཞི་དང་འགལ་བས་ཡིན་ཟེར། ཐུར་ཁེའི་དབང་འཛིན་ལས་ཁུངས་ཀྱིས་དོན་དེའི་ཐད་ནས་ཐུར་ཁེ་རུ་སྡོད་པའི་ཨུ་རུ་སིའི་གཞུང་ཚབ་ཁང་ལ་འགྲེལ་བཤད་བྱས་མེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་བརྙན་འཕྲིན་ཁང་དང་པོའི་བརྙན་ཕབ་ཚན་ཆུང་དེ་ཚེས་བདུན་ཉིན་ཐུར་ཁེའི་ཤར་ལྷོའི་ས་ཁུལ་ནས་ཐུར་ཁེའི་དབང་འཛིན་ལས་ཁུངས་ཀྱིས་མཐར་སྐྲོད་བཏང་བ་རེད་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་ནང་ཐུར་ཁེའི་དབང་འཛིན་ལས་ཁུངས་ཀྱི་ཁྲིམས་འགལ་བྱ་སྤྱོད་དེར་རྒོལ་གཏམ་བཏང་བ་དང་། ཐུར་ཁེ་རྒྱལ་ཁབ་ཀྱིས་གསར་འགོད་པར་དེ་ལྟར་བྱེད་དོན་ནི་དང་ལེན་བྱེད་ཐབས་མེད་པ་ཡིན་པར་མ་ཟད། ཐུར་ཁེ་རྒྱལ་ཁབ་ཀྱིས་གསར་འགོད་པས་ཐུར་ཁེའི་སྲིད་གཞུང་གིས་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་དུ་ཁྲིམས་འགལ་བྱ་འགུལ་སྤེལ་བའི་དོན་དངོས་ཐེར་འདོན་བྱེད་པར་འཛེམ་པ་ཡིན་པའི་སྐྱོན་འཛུགས་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།