ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་མགོ་ཁྲིད་པས་ཚེས་བརྒྱད་ཉིན་རི་ནེ་ཝ་ནས་རྒྱལ་ཁབ་སོ་སོས་མཐུན་སྒྲིལ་བྱས་ཤིང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་ཤུགས་ཚད་དང་གཞི་རྒྱ་ཇེ་ཆེར་བཏང་སྟེ། མཉམ་དུ་མིག་སྔའི་མི་ཆོས་ཉམས་ཉེན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཚོགས་ཆེན་སྐབས་སོ་གཉིས་པ་ཚེས་བརྒྱད་ཉིན་སུའེ་ཙེར་གྱི་རི་ནེ་ཝའི་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་ཚོགས། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མའོ་ལོས་ཨར་གྱིས་ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་ཞུ་ཚིག་ཕུལ་ཏེ། མིག་སྔའི་འཛམ་གླིང་དེ་དྲག་ཆས་འཁྲུགག་རྩོད་གནས་བབ་སྔར་ལས་ཛ་དྲག་ཆེ་བ་དང་། ཡུན་ཚད་རིང་བ། སྔར་ལས་རྒྱ་ཆེ་ཞིང་གནོད་པ་ལྷག་ཏུ་ཆེ་བའི་དུས་སྐབས་སུ་གནས་ཡོད་ཅིང་། དྲག་ཤུགས་དང་དབུལ་ཕོངས། མཐོང་ཆུང་། འདྲ་མཉམ་མིན་པ་བཅས་ཀྱི་དབང་གིས་འཛམ་གླིང་ཡོངས་ཀྱི་མི་ཆོས་རོགས་སྐྱོར་གྱི་དགོས་མཁོ་སྔར་ལས་ཇེ་ཆེར་སོང་ཡོད། དེ་བས་འཛམ་གླིང་ཡོངས་ཀྱི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་སྟོབས་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ། གནོད་པ་ཐེབས་སླ་བའི་མང་ཚོགས་ཀྱི་གནས་བབ་ལེགས་བཅོས་བྱེད་པ་དང་། འཛམ་གླིང་ཐུན་མོང་གི་མི་ཆོས་རིང་ལུགས་ཀྱི་དམིགས་འབེན་མངོན་འགྱུར་བྱེད་པར་འབད་བརྩོན་བྱེད་དགོས་ཟེར།

རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་རྒྱལ་སྤྱིའི་ཚོགས་ཆེན་དེ་ལོ་ངོ་བཞིའི་ནང་ཐེངས་རེ་སྤེལ་བཞིན་ཡོད་པ་དང་། སྐབས་འདིའི་ཚོགས་ཆེན་ནི་རྒྱལ་སྤྱིའི་རྒྱ་གྲམ་དམར་པོའི་ཚོགས་པ་དང་ཟླ་གསར་དམར་པོ་ཚོགས་པའི་གཞི་རྩའི་རྩ་དོན་ལ་གྲོས་འཆམ་བྱུང་ནས་ལོ་ངོ་ལྔ་བཅུ་འགོར་བའི་སྐབས་སུ་སྤེལ་བ་རེད། ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་རྒྱལ་ཁབ་སོ་སོའི་འཐུས་མིས་རྒྱ་སྐད་དང་དབྱིན་སྐད། ཧྥ་རན་སིའི་སྐད་སོགས་སྐད་རིགས་བདུན་གྱི་ལམ་ནས་གཞི་རྩའི་རྩ་དོན་བདུན་ལ་བསྟོད་གླུ་ཕུལ།

ཚོགས་ཡུན་ཉིན་གསུམ་ཡིན་པའི་གྲོས་ཚོགས་སྐབས་སུ། རི་ནེ་ཝའི་སྤྱི་ཆིངས་བཀོད་པའི་རྒྱལ་ཁབ་དག་གི་སྲིད་གཞུང་དང་། རྒྱ་གྲམ་དམར་པོའི་རྒྱལ་སྤྱིའི་ཨུ་ཡོན་ལྷན་ཁང་། ཟླ་གསར་དམར་པོའི་རྒྱལ་སྤྱིའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་འཐུས་མི་སྟོང་གཅིག་དང་བདུན་བརྒྱས་དྲག་ཤུགས་སྔོན་འགོག་དང་ཐག་གཅོད་དང་། མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་དང་ཞབས་ཞུའི་བྱ་བའི་བདེ་འཇགས་དང་རྒྱུ་ལམ་ལ་འགན་སྲུང་། གནོད་འཚེའི་ཉེན་ཁ་ཇེ་ཆུང་དུ་གཏོང་བ་དང་སླར་གསོའི་ནུས་པ་ཇེ་དྲག་ཏུ་གཏོང་བ་སོགས་དམིགས་འབེན་གསུམ་ལ་དམིགས་ཏེ་གྲོས་བསྡུར་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།