ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ལི་ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་ཚེས་བརྒྱད་ཉིན་གྲོས་ཁང་ནས་གཏམ་བཤད་སྤེལ་ཏེ། ཐུར་ཁེ་རྒྱལ་ཁབ་ཀྱིས་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་སྲིད་པར་བཤད།

ཏཱ་ཝུའུ་ཐི་ཨོ་ལུའུ་ཡིས་བཤད་རྒྱུར། ཐུར་ཁེ་རྒྱལ་ཁབ་ཀྱིས་བསམ་བློ་གཏོང་བཞིན་ཡོད་པ་དང་། གལ་ཏེ་དགོས་མཁོ་ཡོད་ན་ཨུ་རུ་སི་ལ་བཀག་སྡོམ་བྱེད་ཐབས་སྤྱོད་སྲིད་ཟེར། ཁོས་ཞོར་དུ་བསྟན་དོན། ཨུ་རུ་སི་དང་གྲོས་མོལ་བྱས་ཤིང་བསམ་འཆར་བརྗེ་རེས་བྱེད་པར་གྲ་སྒྲིག་བྱས་ཡོད་ལ། ཐུར་ཁེ་ཡིས་སྔར་བཞིན་ཨུ་རུ་སི་དང་གྲོས་མོལ་བྱེད་པའི་སྒོ་གླེགས་ཡངས་པོར་ཕྱེས་ཡོད་ཟེར།

ཨུ་རུ་སིའི་སུའུ-24རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་དེ་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞིའི་ཉིན་ཐུར་ཁེ་དང་སི་རི་ཡཱའི་མཐའ་མཚམས་ཀྱི་སི་རི་ཡཱའི་ཕྱོགས་སུ་སར་ལྷུང་བ་རེད། ཐུར་ཁེའི་ཕྱོགས་ཀྱིས་བཤད་རྒྱུར། ཨུ་རུ་སིའི་འཐབ་འཛིང་གནམ་གྲུ་དེ་ཁྲིམས་དང་འགལ་བའི་སྒོ་ནས་ཐུར་ཁེའི་མཁའ་ཁོངས་སུ་ཡོང་བ་དང་། ཐུར་ཁེའི་དམག་ཕྱོགས་ཀྱིས་ཐེངས་མང་བོར་ཉེན་བརྡ་བཏང་ཡང་ཕན་ཐོགས་མེད་པས་དེ་སར་འཕང་བ་ཡིན་ཡིན་ཟེར། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཐུར་ཁེ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་པའི་ཙུང་ཐུང་བཀའ་རྒྱ་བཀོད་པ་རེད།

ཨུ་རུ་སིའི་ནུས་ཁུངས་པུའུ་ཀྲང་ནོའུ་ཝ་ཁི་ཡིས་ཉེ་སྔོན་བསྟན་དོན། ཨུ་རུ་སིའི་རང་བྱུང་སོལ་རླངས་ཐུར་ཁེ་རུ་བསྐྱལ་བའི་གཞི་རྒྱ་ཆེ་བའི་ལས་གཞིའི་གྲ་སྒྲིག་གྲོས་མོལ་མཚམས་བཞག་ཡོད་ཟེར། ཐུར་ཁེ་དང་ཨུ་རུ་སིའི་ཕྱི་འབྲེལ་ཁྲོད་རང་བྱུང་སོལ་རླངས་ཀྱི་འདོན་སྤྲོད་མཚམས་འཇོག་པ་ནི་ཨུ་རུ་སིས་ཐུར་ཁེ་ལ་དཔལ་འབྱོར་བཀག་སྡོམ་བྱེད་པའི་གནད་འགག་ཅིག་ཡིན་པ་རེད། ཉིས་སྟོང་བཅུ་བཞིའི་ལོར། ཐུར་ཁེས་ཨུ་རུ་སི་ནས་རང་བྱུང་སོལ་རླངས་རྨིད་རྒྱ་དཔངས་གྲུ་བཞི་མ་ཐེར་ཆེན་གཉིས་དང་ཐེར་འབུམ་བདུན་ཉོས་པ་དང་། དེས་བརྒྱ་ཆའི་དྲུག་ཅུ་ཙམ་ཟིན་ཡོད་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།