ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བརྒྱད་ཉིན་ཀྲུའུ་ཞིའི་གསལ་སྒྲོག་སྤེལ་ཏེ། ལི་པུ་ཡཱ་ནི་སྔར་བཞིན་ཨ་ཧྥེ་རི་ཁ་གླིང་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་འགུལ་སྐྱོད་བྱེད་སའི་གནས་གཙོ་བོ་ཞིག་ཡིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱ་དང་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་འགུལ་ལ་རྒྱབ་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་།

གསལ་སྒྲོག་ལས་བཤད་རྒྱུར། ལི་པུ་ཡཱ་ནི་སྔར་བཞིན་སཱ་ཧི་ལེ་ས་ཁུལ་གྱི་འཇིགས་སྐུལ་རྩ་འཛུགས་འགུལ་སྐྱོད་བྱེད་སའི་གནས་གཙོ་བོ་ཞིག་ཡིན་པ་དང་། རྒྱལ་ཁབ་དེའི་ས་ཁུལ་མང་བོར་དོ་དམ་བཟང་བོ་ཐོབ་མེད་པའི་མཚོན་ཆའི་མཛོད་ཁང་ཡོད་ཅིང་། མཚོན་ཆ་རྒྱ་ཡན་དུ་སོང་བ་ལས་ལི་པུ་ཡཱ་དང་སཱ་ཧི་ལེ་ས་ཁུལ་གྱི་བརྟན་འཇགས་ལ་གནོད་པ་ཐེབས་བཞིན་ཡོད་ལ། དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལི་པུ་ཡཱ་དང་སཱ་ཧི་ལེ་ས་ཁུལ་གྱི་རྒྱལ་ཁབ་དག་ལ་དགོས་ངེས་ཀྱི་བདེ་འཇགས་དང་ནུས་པའི་འཛུགས་སྐྲུན་གྱི་རོགས་སྐྱོར་འདོན་སྤྲོད་བྱེད་པར་རྒྱབ་སྐྱོར་བྱས་ཏེ། རྟེན་གཞིའི་རྩ་འཛུགས་ལ་འབྲེལ་བ་ཡོད་པའི་འཇིགས་སྐུལ་རིང་ལུགས་ཀྱི་རྩ་འཛུགས་དང་མི་སྒེར་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་།

བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་སཱ་ཧི་ལེ་ས་ཁུལ་དང་ཨ་ཧྥེ་རི་ཁ་ནུབ་མ། མཱ་ཀི་ལི་པུའུ་ས་ཁུལ་བཅས་ཀྱི་རྒྱལ་ཁབ་དག་གིས་མཐུན་སྦྱོར་ལ་ཤུགས་སྣོན་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་རྒྱལ་མཚམས་བརྒལ་ནས་སཱ་ཧི་ལེ་ས་ཁུལ་དུ་སྦས་སྐོང་བྱེད་པར་བཀག་འགོག་བྱེད་དགོས་པ་དང་། མཉམ་ལས་བྱས་ཤིང་གཅིག་གྱུར་དང་ཕན་ནུས་ལྡན་པའི་འཇིགས་སྐུལ་ངོ་རྒོལ་གྱི་འཐབ་ཇུས་གཏན་འབེབས་བྱས་ནས། འཇིགས་སྐུལ་རིང་ལུགས་རྒྱ་ཡན་དུ་འགྲོ་བ་དང་། མཚོན་ཆ་གང་འདོད་དུ་བཀོལ་བ། རྒྱལ་ཁོངས་བརྒལ་བའི་ནག་ཉེས་བཅས་ལ་སྔོན་འགོག་བྱེད་དགོས་པའི་སྐུལ་མ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་དེ་རྒྱལ་སྤྱིའི་བཅའ་ཁྲིམས་དང་མཐུན་པ་བསྐྱར་སྒྲོག་བྱས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།