ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧཱ་ཁི་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཉིག་ཡོ་ནས་སི་རི་ཡཱའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་སྤེལ་བའི་འདོད་བློར་དགའ་བསུ་ཞུས་པ་དང་། ངེས་པར་དུ་གང་མགྱོགས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས།

ཧཱ་ཁི་ཡིས་རྒྱུན་ལྡན་གྱི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཕན་ཅི་ཝུན་གྱིས་ཉིན་དེར་ཕཱ་རེ་སི་ནས་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་དང་གྲོས་མོལ་བྱས་ཤིང་། ཁི་ལེ་ཡིས་བཏོན་པའི་ཟླ་འདིའི་ཚེས་བཅོ་བརྒྱད་ཉིན་ཉིག་ཡོ་ནས་སི་རི་ཡཱའི་གནད་དོན་གྱི་སྐོར་ཐེངས་གསུམ་པའི་གྲོས་མོལ་སྤེལ་བའི་འདོད་བློར་དགའ་བསུ་ཞུས། ཕན་ཅི་ཝུན་གྱིས་བསྟན་དོན། གལ་ཏེ་གྲོས་མོལ་སྤེལ་ན། ཁོ་རང་ཉིད་དང་ཁོའི་སི་རི་ཡཱའི་གནད་དོན་ཐད་ཀྱི་དམིགས་བསལ་ཕོ་ཉ་ཏི་མུས་སི་ཐུའུ་ལཱ་གྲོས་མོལ་ལ་ཞུགས་རྩིས་ཡོད་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། ཕན་ཅི་ཝུན་གྱིས་ངེས་པར་དུ་གང་མགྱོགས་ཀྱིས་སི་རི་ཡཱའི་འཁྲུག་རྩོད་ཕྱོགས་ཡོངས་ནས་མཚམས་འཇོག་པ་མངོན་འགྱུར་བྱེད་དགོས་པ་ནན་བཤད་བྱས་པ་དང་། སྐོར་ཐེངས་གསར་བའི་གྲོས་མོལ་གྱིས་རྨང་གཞི་བརྟན་པོ་བཏིང་ནས་སི་རི་ཡཱའི་འཁྲུག་རྩོད་མཚམས་འཇོག་པ་དང་ཆབ་སྲིད་འཕེལ་རིམ་མགོ་རྩོམ་པར་རེ་བ་བཅངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཟླ་འདིའི་རེས་སྐོར་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་མེ་རི་ཁའི་འཐུས་མི་པའོ་ཨར་གྱིས་ཉིན་དེར་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། སི་རི་ཡཱའི་གནད་དོན་གྱི་སྐོར་ཐེངས་གསར་བའི་གྲོས་མོལ་དེ་ཉིག་ཡོ་ནས་སྤེལ་བར་རེ་བ་ཡོད་ཀྱང་། བྱེ་བྲག་གི་གནས་ཚུལ་གཏན་འཁེལ་བྱེད་བཞིན་པའི་སྒང་རེད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གིས་སོ་ཏི་ཨ་རབ་ནས་གྲོས་ཚོགས་བསྡུ་རྒྱུ་ཡིན་པ་དང་། གྲོས་ཚོགས་དེར་གལ་འགངས་ཧ་ཅང་ཆེ་ཟེར།

ཨུ་རུ་སིའི་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀྲ་ཧཱ་ལོ་ཝ་ཡིས་ཚེས་བརྒྱད་ཉིན་བསྟན་དོན། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན་སྐོར་ཐེངས་གསར་བའི་སི་རི་ཡཱའི་གནད་དོན་གྱི་གྲོས་མོལ་གྱི་གྲ་སྒྲིག་བྱ་བ་ད་རུང་ཡོངས་འགྲུབ་བྱས་མེད་པར་བསམ་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།