ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བདུན་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་ཉིག་ཡོ་ནས་བསྡུ་རྒྱུའི་འཆར་གཞི་ཡོད་པའི་སི་རི་ཡཱའི་གནད་དོན་གྱི་སྐོར་ཐེས་གསར་བའི་གྲོས་མོལ་ལ་ཆ་རྐྱེན་ཡོད་པའི་སྒོ་ནས་ཞུགས་པར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། ཐོག་མར་ངེས་པར་དུ་སྐོར་ཐེངས་གསར་བའི་གྲོས་ཆོད་ཀྱི་དགོངས་དོན་ལག་བསྟར་བྱེད་པར་འགན་སྲུང་བྱེད་དགོས། གཉིས་ནས་གྲོས་མོལ་བྱེད་པའི་དུས་ཚོད་དང་ས་གནས་ངེས་པར་དུ་ཚོགས་ཞུགས་ཕྱོགས་ཁག་སོ་སོར་འཚམ་དགོས། ཨ་མེ་རི་ཁའི་ཕྱོགས་ཀྱིས་དེའི་སྔོན་ཨུ་རུ་སི་དང་དབྱི་ལིང་གིས་སི་རི་ཡཱའི་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་པ་ལས་སི་རི་ཡཱའི་ཞི་བདེའི་འཕེལ་རིམ་ལ་གནོད་པ་ཐེབས་སྲིད་པའི་བཤད་ཚུལ་ལ་དམིགས་ཏེ། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་དེ་ནི་དགོད་བྲོ་བའི་འཆལ་གཏམ་ཞིག་རེད་ཟེར། ཁོས་བཤད་རྒྱུར། ཨུ་རུ་སི་ཡིས་ལངས་ཕྱོགས་བསྒྱུར་མི་སྲིད་ལ། ཨ་སཱ་ཏི་ཙུང་ཐུང་གི་གོ་གནས་ལས་འབེབ་མི་རུང་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།