ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཀྲང་ཡོ་ཧན་ཞོན་གྱིས་ཚེས་བདུན་ཉིན་བཤད་རྒྱུར། གནས་བབ་གསར་བའི་འཇིགས་སྐུལ་འཇབ་རྒོལ་ཐག་གཅོད་བྱེད་ཆེད། ཨ་མེ་རི་ཁའི་སྲིད་གཞུང་གིས་མི་འགྱངས་པར་འཇིགས་སྐུལ་གྱི་ཉེན་གཏོང་མ་ལག་གསར་བ་བེད་སྤྱོད་བྱས་ཏེ། ཉེན་བརྡ་གཏོང་བའི་རིམ་པ་ཇེ་མཐོར་གཏོང་རྒྱུ་ཡིན་ཟེར། ཁོས་བཤད་རྒྱུར། ད་ལྟ་ལག་བསྟར་བྱེད་བཞིན་པའི་རྒྱལ་ཁབ་འཇིགས་ཉེན་བརྡ་གཏོང་མ་ལག་ནི་བྱེ་བྲག་དང་ཡིད་རྟོན་རུང་བའི་རྒྱལ་ཁབ་བདེ་འཇགས་འཇིགས་ཉེན་བྱུང་སྐབས་ད་གཟོད་བཀོལ་བ་ཡིན་ལ། ཉིས་སྟོང་བཅུ་གཅིག་ལོ་གསར་གཏོད་བྱས་པའི་ཚུན་ལ་བེད་སྤྱོད་བྱས་མྱོང་མེད་ཟེར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་དྲུག་ཉིན་བཤད་རྒྱུར། འཇིགས་སྐུལ་རྩ་འཛུགས་ཀྱིས་མཉམ་འབྲེལ་དྲ་རྒྱ་བེད་སྤྱོད་བྱས་ཏེ་མི་སྒེར་གྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་སྤེལ་བར་ངན་སྐུལ་བྱས་པ་དང་། རི་སྤྱང་སྔོན་མོ་ལྟ་བུའི་འཇབ་རྒོལ་བྱེད་ཐབས་དེར་སྔོན་དཔག་བྱེད་པར་དཀའ་ཁག་ཧ་ཅང་ཆེ་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།