ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་རག་གི་ཕྱི་འབྲེལ་བློན་ཆེན་ཅཱ་ཧྥ་ལི་ཡིས་ཚེས་བདུན་ཉིན་རྒྱལ་ས་པཱ་ཀ་ཏཱ་ནས་བཤད་རྒྱུར། དབྱི་རག་གི་མངའ་ཁོངས་སུ་ཡོད་པའི་ཐུར་ཁེའི་དམག་དཔུང་དག་ཟླ་འདིའི་ཚེས་དགུའི་ཉིན་གྱི་སྔོན་ལ་ཕྱིར་འཐེན་བྱེད་དགོས་ཟེར།

ཅཱ་ཧྥ་ལི་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་འཇར་མན་གྱི་ཕྱི་འབྲེལ་བློན་ཆེན་ཧྲི་ཐེ་ཡུན་མེད་ཨར་ལ་ཐུག་འཕྲད་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བསམ་ཚུལ་དེ་བསྟན་པ་རེད།

ཅཱ་ཧྥ་ལི་ཡིས་བསྟན་དོན། གོང་གི་གསལ་སྒྲོག་དེ་ནི་དབྱི་རག་སྲིད་གཞུང་གི་ཆོག་མཆན་མ་ཐོབ་པར་རང་འདོད་ལྟར་དབྱི་རག་གི་མངའ་ཁོངས་སུ་ཡོང་བའི་ཐུར་ཁེའི་དམག་དཔུང་ལ་དམིགས་པ་ཡིན་པ་ལས། ཟླ་འགའི་སྔོན་དབྱི་རག་བྱང་ཕྱོགས་ས་ཁུལ་དུ་ཡོང་ནས་དབྱི་རག་གི་དམག་མིར་གསོ་སྤེལ་བྱེད་པའི་འགན་ཁུར་བའི་དམག་དོན་ཆེད་མཁས་པ་དང་རྩལ་ཁྲིད་པར་འབྲེལ་བ་མེད་ཟེར།

ཧྲི་ཐེ་ཡུན་མེད་ཨར་གྱིས་མཉམ་འབྲེལ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། བདག་དབང་རྒྱལ་ཁབ་ཡིན་པའི་ཆ་ནས། དབྱི་རག་གིས་ཕྱི་རྒྱལ་གྱི་དམག་དཔུང་གང་རུང་ལ་དབྱི་རག་སྲིད་གཞུང་འཐད་པ་བྱུང་རྗེས་ད་གཟོད་རང་གི་མངའ་ཁོངས་སུ་ཡོང་བའི་རེ་བ་བཏོན་ཆོག དབྱི་རག་དང་ཐུར་ཁེ་ཕྱོགས་གཉིས་ཀྱིས་གང་མགྱོགས་སྒོས་དོན་དེའི་ཐད་ནས་འབྲེལ་འདྲིས་བྱས་ཏེ། དབུས་ཤར་ས་ཁུལ་གྱི་ཛ་དྲག་གནས་བབ་སྔར་ལས་ཇེ་སྡུག་ཏུ་འགྲོ་བར་སྔོན་འགོག་བྱེད་དགོས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།