ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བསྒྲགས་པ་ལྟར་ན། འཇར་མན་སྲིད་འཛིན་ཏང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞིའི་ཉིན་ཁཱ་ཨར་སི་ལུའུ་ཨིག་ནས་ཚོགས་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་སྟེང་མིག་སྔར་རྩོད་གླེང་ཆེ་བའི་ཡུལ་གྱར་བའི་སྲིད་ཇུས་ལ་བརྡས་ཐག་གཅོད་རྒྱུ་རེད། ཏང་ནང་ཁུལ་གྱི་མཐོ་རིམ་དཔོན་པོས་བཤད་པ་ལྟར་ན། སྐབས་ཐོག་དེར་དུས་ཚོད་འགའི་རིང་གི་དཔྱད་གླེང་གཏམ་བཤད་སྤེལ་རྗེས། གྲོས་ཚོགས་ལ་ཞུགས་པའི་འཐུས་མི་སྟོང་ལྷག་གིས་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་གྲོས་འདོན་འཆར་ཟིན་ཞིག་ལ་བརྡས་ཐག་གཅོད་རྒྱུ་རེད་ཟེར།

སྲིད་གཞུང་གི་ཡུལ་གྱར་བའི་སྲིད་ཇུས་རྒྱས་བཤད་བྱས་པའི་ཇུས་གཞི་དེ་ཚོགས་ཆེན་མགོ་མ་བརྩམས་གོང་གི་སྔ་ཉིན་དངོས་སུ་སྤྲོད་རྒྱུ་རེད། མའོ་ཁི་ཨར་གྱིས་སྔར་བཞིན་མོའི་ད་ལྟའི་བར་གྱི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་དང་མཉམ་དུ་རྒྱལ་ཁབ་སོ་སོས་ཡུལ་གྱར་བ་དང་ལེན་བྱེད་པའི་ཁ་གྲངས་ཐད་གྲོས་འཆམ་འབྱུང་དགོས་པ་ལས། ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ལྕམ་སྲིང་ཏང་ཁག་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱི་ན་གཞོན་རྩ་འཛུགས་བཅས་ཀྱིས་རེ་བ་བཏོན་པ་ལྟར་དུ་འཇར་མན་གྱིས་ཡུལ་གྱར་བ་དང་ལེན་བྱེད་པའི་ཆེས་མཐོའི་ཁ་གྲངས་གཏན་འཁེལ་བྱེད་མི་རུང་བར་བསམ་ཡོད། ཡིན་ཡང་ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་ལ་གྲུབ་འབྲས་འབྱུང་མིན་དེ་ད་རུང་གསལ་ཁ་འབྱེད་དཀའ་བའི་དོན་ཞིག་རེད།

མའོ་ཁི་ཨར་གྱི་ཡུལ་གྱར་བའི་སྲིད་ཇུས་ལ་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་དང་ཡེ་ཤུའི་ཆོས་ལུགས་སྤྱི་ཚོགས་མནའ་འབྲེལ་ཏང་ནང་ཁུལ་དུ་རྩོད་གླེང་ཆེན་པོ་བྱུང་ཡོད། ཡོ་རོབ་གླིང་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་མང་བོ་དང་། ཁྱད་པར་དུ་ཡོ་རོབ་གླིང་ཤར་མའི་རྒྱལ་ཁབ་དག་གིས་འཇར་མན་སྲིད་གཞུང་གི་བྱེད་ཐབས་དེར་སྐྱོན་བརྗོད་བྱེད་བཞིན་ཡོད། གཟའ་འཁོར་འདིའི་ནང་ཡོ་རོབ་གླིང་མནའ་འབྲེལ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཐུའུ་སི་ཁི་ཡིས་ཀྱང་འཇར་མན་གྱིས་རང་གི་ཡུལ་གྱར་བའི་སྲིད་ཇུས་བཅོས་བསྒྱུར་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།