ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་སྲིད་གཞུང་གིས་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སོ་སོ་ལེ་ཡཱ་ཏི་རུ་ཡོང་ནས་ཚེས་བརྒྱད་ཉིན་སྤེལ་རྒྱུ་ཡིན་པའི་སི་རི་ཡཱའི་གནས་བབ་ཐད་ཀྱི་གྲོས་ཚོགས་ལ་ཞུགས་པར་གདན་ཞུ་བྱས་ཡོད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཆབ་སྲིད་དང་དམག་དོན་ཚོགས་ཁག་གི་འཐུས་མི་བརྒྱ་ལྷག་གྲོས་ཚོགས་ལ་ཞུགས་རྒྱུ་རེད། དེ་ནི་སི་རི་ཡཱའི་ཉམས་ཉེན་བྱུང་བའི་ཚུན་ལ། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ཆབ་སྲིད་དང་དམག་དོན་ཚོགས་ཁག་གི་འཐུས་མི་ཐོག་དང་པོར་ལེ་ཡཱ་ཏི་རུ་འབྱོར་ནས་མཉམ་དུ་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་ལ་ཞིབ་འཇུག་བྱས་པ་རེད།

སོ་ཏི་ཨ་རབ་ཀྱི་ལེ་ཡཱ་ཏི་ཚགས་པར་གྱིས་ཚེས་བདུན་ཉིན་བསྒྲགས་པ་ལྟར་ན། དུས་ཡུན་རིང་བོར་ཆབ་སྲིད་དང་དམག་དོན་ཕྱོགས་གཉིས་ཀྱི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སོ་སོའི་ལྟ་ཚུལ་དང་ལངས་ཕྱོགས་གཅིག་གྱུར་བྱས་ཤིང་། སི་རི་ཡཱའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཆབ་སྲིད་ཐབས་ལམ་འཚོལ་ཞིབ་བྱེད་པར་སོ་ཏི་ཨ་རབ་སྲིད་གཞུང་གིས་འབད་བརྩོན་ཆེན་པོ་བྱས་པར་མ་ཟད། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་སོ་སོ་གདན་ཞུ་བྱས་ཏེ། ལེ་ཡཱ་ཏི་རུ་ཡོང་ནས་མཉམ་དུ་སི་རི་ཡའི་ཉམས་ཉེན་ཐག་གཅོད་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་རྒྱུའི་རེ་བ་བཏོན། དེའི་ནང་སི་རི་ཡཱའི་མངའ་ཁོངས་ཀྱི་ངོ་རྒོལ་ཕྱོགས་ཁག་རྒྱལ་ཡོངས་དམངས་གཙོ་བཅོས་བསྒྱུར་སྟོབས་ཤུགས་མི་རིགས་མཐུན་སྦྱོར་ལས་ཁུངས་དང་། སི་རི་ཡའི་ཆབ་སྲིད་སྒེར་ཚུགས་མི་སྣ་སི་རི་ཡཱའི་སྔོན་ཆད་ཀྱི་ཙུང་ལི་ལི་ཡཱ་ཏི་དང་། དེ་མིན་ཞི་ཅཱ་པུའུ་དང་སྔོན་ཆད་ཀྱི་པུའུ་ཀྲང་ནཱ་ཨ་སང་། ཁེ་ལས་པ་ཨེ་མན། དེ་ལས་གཞན་དོན་དངོས་ཤུགས་རྐྱེན་ཆེ་བའི་སྤྱི་ཚོགས་ཀྱི་མི་སྣ་སོགས་འདུས། བསྒྲགས་པ་ལྟར་ན། གདན་ཞུ་དང་ལེན་བྱས་པའི་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་དམག་དོན་ཐད་ཀྱི་ཚོགས་ཁག་ལ་སི་རི་ཡཱའི་མངའ་ཁོངས་སུ་འཐབ་རྩོད་བྱེད་བཞིན་པའི་ཞི་འཇམ་གྱི་དྲག་ཆས་ཚོགས་ཁག་སོགས་ཡོད། མིག་སྔར་དམག་དོན་རྩ་འཛུགས་བཅུ་བཞིས་འཐུས་མི་མངག་ནས་ལེ་ཡཱ་ཏིའི་གྲོས་ཚོགས་ལ་ཞུགས་སུ་འཇུག་རྒྱུ་ཐག་བཅད་ཡོད། བསྒྲགས་པ་ལྟར་ན། སི་རི་ཡཱའི་ཁུའུ་ཨར་ཏི་དམངས་གཙོ་མནའ་འབྲེལ་ཏང་དང་དེའི་དམག་དོན་རྩ་འཛུགས་གདན་ཞུ་བྱས་པའི་གྲས་སུ་མེད་པ་རེད།

བསྒྲགས་པ་ལྟར་ན། སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་ལེ་ཡཱ་ཏིའི་གྲོས་ཚོགས་ནས་ངོ་རྒོལ་ཕྱོགས་ཁག་གི་ལས་ཁུངས་གསར་བ་འཛུགས་པའི་དགོས་པ་མེད་ཅིང་། གྲོས་ཚོགས་ལ་ཞུགས་པའི་ངོ་རྒོལ་ཕྱོགས་ཁག་སོ་སོས་མཉམ་དུ་འབད་བརྩོན་བྱེད་པ་དང་། ལངས་ཕྱོགས་གཅིག་གྱུར་བྱས་ཏེ། སི་རི་ཡཱའི་ད་ལྟའི་སྲིད་གཞུང་དང་གྲོས་མོལ་བྱེད་པར་འཐད་པ་འབྱུང་དགོས་པ་རེད། བསྒྲགས་པའི་གནས་ཚུལ་ལས་དམིགས་སུ་བཀར་ནས་བསྟན་དོན། ཐེངས་འདིའི་གྲོས་ཚོགས་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་ནས་མགོ་བརྩམས་ཏེ་ཉིན་གསུམ་ལ་སྤེལ་རྒྱུ་རེད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།