ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་རྒྱལ་སྲུང་བློན་ཆེན་ཧྥུན་ཏི་ལེ་ཨིན་གྱིས་ཚེས་བདུན་ཉིན་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་སྡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་བདེ་འཇགས་རོགས་སྐྱོར་དམག་དཔུང་དུས་ཡུན་རིང་བོར་གནས་དེར་སྡོད་དགོས་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་བཤད་རྒྱུར། དེའི་དམིགས་ཡུལ་གཙོ་བོ་ནི་ང་ཚོ་དུས་ནམ་ཡིན་ཡང་གནས་དེར་བསྡད་ཡོད་པ་མི་ཀུན་ལ་ཤེས་སུ་འཇུག་པའི་ཆེད་ཡིན་ཟེར།

ཧྥུན་ཏི་ལེ་ཨིན་གྱིས་ད་རུང་ནན་གྱིས་བསྟན་དོན། དེའི་སྔོན་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གིས་ཨ་ཧྥུའུ་ཧན་གྱི་ལས་འགན་གྱི་མ་འོངས་པའི་ལས་དབང་ལ་སོམ་ཉི་བྱས་པས། བྱང་ཆིངས་རྩ་འཛུགས་ཀྱི་ཡིད་ཆེས་ལ་གནོད་པ་ཐེབས་ཡོད་ཟེར།

ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་ཕྱི་འབྲེལ་བློན་ཆེན་གྱིས་ཨ་ཧྥུའུ་ཧན་ནས་དམག་དཔུང་ཕྱིར་འཐེན་བྱེད་པའི་འཆར་གཞི་མཚམས་བཞག་པ་རེད། དེའི་རྒྱུ་མཚན་ནི་ཉེ་བའི་ལོ་གཅིག་གི་ནང་ཨ་ཧྥུའུ་ཧན་གྱི་གནས་བབ་མུ་མཐུད་དུ་ཇེ་སྡུག་ཏུ་སོང་བས་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱེད་རྒྱུའི་འཇིགས་སྐུལ་ཏེ་ཐུར་ཁེས་མུ་མཐུད་དུ་དབྱི་རག་ལ་དམག་ཁ་སྣོན་བྱེད་མཚམས་འཇོག་རྒྱུའི་རེ་བ་བཏོན།

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།