ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧིན་རྡུ་ཉི་ཞི་ཡཱའི་མེ་འཁོར་ཞིག་ཚེས་དྲུག་ཉིན་འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་དྲུག་ལ་རྨས་ཕོག དེའི་ནང་མི་བཅུ་གསུམ་གནས་དེ་ནས་རྐྱེན་ལམ་དུ་ཤོར་བ་རེད། ཁ་ལོ་བ་དང་འགྲུལ་བ་གཞན་པ་གསུམ་སྨན་ཁང་དུ་བསྐྱལ་བའི་ལམ་བར་ནས་དབུགས་ཀྱི་རྒྱུ་བ་ཆད་པ་རེད།

དོན་རྐྱེན་དེ་ཚེས་དྲུག་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་བྱུང་བ་དང་། མེ་འཁོར་ཞིག་ཡཱ་ཅཱ་ཏཱ་ས་ཁུལ་གྱི་ལྕགས་ལམ་དང་གཞུང་ལམ་གྱི་བསྣོལ་མཚམས་ཤིག་ནས་ལྕགས་ལམ་བརྒལ་རྩིས་བྱེད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་དང་ཐོ་བརྒྱབ་སྟེ། མེ་འཁོར་གྱིས་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེ་རྨིད་སུམ་བརྒྱ་ཙམ་ལ་དྲུད་ནས་སོང་བ་རེད། བསྒྲགས་པ་ལྟར་ན། ཡཱ་ཅཱ་ཏཱ་རུ་བགྲོད་པའི་མེ་འཁོར་དེར་བསྡོམས་པས་འཁོར་སྒམ་དགུ་ཡོད་པ་དང་། ཧ་ལམ་འགྲུལ་བ་བཞི་བརྒྱ་ཙམ་ཡོད། དོན་རྐྱེན་བྱུང་སྐབས་མེ་འཁོར་སྟེང་གི་མིར་རྨས་སྐྱོན་བྱུང་མེད་ཟེར། ཧིན་རྡུ་ཉི་ཞི་ཡཱའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་འབྱུང་རྐྱེན་ནི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་དེ་ལྕགས་ལས་བགྲོད་སྐབས་ཉེན་བརྡའི་གློག་སྒྲོན་སྣང་མེད་དུ་སྐྱུར་བས་རེད་ཟེར། ཧིན་རྡུ་ཉི་ཞི་ཡཱའི་འགྲིམ་འགྲུལ་དང་རྒྱལ་ཁབ་སྐྱེལ་འདྲེན་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་བྱ་བའི་ཚན་ཆུང་མངག་ནས་དོན་རྐྱེན་དེར་རྟོག་ཞིབ་བྱེད་རྒྱུ་རེད།

བསྒྲགས་པ་ལྟར་ན། ཧིན་རྡུ་ཉི་ཞི་ཡཱ་ནས་འགྲིམ་འགྲུལ་བདེ་འཇགས་ཚད་གཞི་མཐོ་རྒྱུ་མེད་པའི་དབང་གིས་གཞུང་ལམ་དང་ལྕགས་ལམ། གྲུ་གཟིངས། མཁའ་ལམ་འགྲིམ་འགྲུལ་གྱི་དོན་རྐྱེན་རྒྱུན་དུ་འབྱུང་གིན་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།