དབྱི་རག་གི་མངའ་ཁོངས་སུ་ཡོང་བའི་ཐུར་ཁེའི་ཐན་ཁི་འཁོར་ལོ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེ་ཡིས་དབྱི་རག་བྱང་ཕྱོགས་ཀྱི་མའོ་སུའུ་ཨར་གྲོང་ཁྱེར་དང་དེའི་ཉེ་འདབས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་ས་ཁུལ་དུ་དམག་མི་ཁ་སྣོན་བྱེད་པའི་འཆར་གཞི་སྐྱུར་བ་རེད། དེའི་སྔོན་དབྱི་རག་གིས་མཉམ་འབྲེལ་རྒྱལ་ཚོགས་ལ་རེ་ཞུ་བྱས་ཏེ་ཐུར་ཁེ་ཡིས་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱེད་པར་བཙན་སྐུལ་བྱེད་དུ་འཇུག་རྒྱུའི་འཇིགས་སྐུལ་བྱས།

དབྱི་རག་གི་ཙུང་ཐུང་དང་ཙུང་ལི་ཡིས་ཚེས་ལྔ་ཉིན་སྔ་གཞུག་ཏུ་གསལ་སྒྲོག་སྤེལ་ཏེ། ཐུར་ཁེའི་དམག་དཔུང་དབྱི་རག་དང་ཐུར་ཁེའི་མཐའ་མཚམས་བརྒལ་ནས་དབྱི་རག་ཏུ་ཡོང་བར་སྐྱོན་འཛུགས་བྱས་པ་དང་། ཐུར་ཁེ་ཕྱོགས་ཀྱིས་མྱུར་དུ་དམག་དཔུང་ཕྱིར་འཐེན་བྱེད་དགོས་པའི་རེ་བ་བཏོན།

ཡིན་ཡང་ཐུར་ཁེ་ཡིས་དོན་དེར་མཐོང་ཆེན་ཆེར་མ་བྱས། ཐུར་ཁེའི་འབྲེལ་ཡོད་མི་སྣས་བཤད་རྒྱུར། ཐུར་ཁེ་ཡིས་དབྱི་རག་གི་མའོ་སུའུ་ཨར་ས་ཁུལ་བྱང་ཤར་ཕྱོགས་སུ་དམག་དཔུང་མང་བོ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། དབྱི་རག་བྱང་ཕྱོགས་ས་ཁུལ་གྱི་ཐུར་ཁེའི་དམག་མིའི་ཁ་གྲངས་མི་སྟོང་གཉིས་ལས་བརྒལ་སྲིད་ཟེར། མི་དེས་བཤད་རྒྱུར། དམག་དཔུང་ཁ་སྣོན་བྱེད་པའི་དམིགས་ཡུལ་ནི་ས་དེའི་དམག་དཔུང་ལ་གསོ་སྦྱོང་བྱེད་པར་རོགས་རམ་བྱས་ཏེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ཆེད་དུ་ཡིན་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།