ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ལག་རོགས་པ་ཁོ་རིན་གྱིས་ཚེས་ཉེར་ལྔ་ཉིན་ཡེ་ཁ་ཅེ་ལིན་པའོ་ནས་རྒྱལ་སྤྱིའི་ཡིག་སྐྱེལ་གློག་འཕྲིན་ཁང་ལ་བཤད་རྒྱུར། ཨུ་རུ་སིས་ད་ལོ་ནས་བཟུང་དབྱི་ལང་ལ་ལེགས་བཅོས་བྱས་པའིs-300རྟགས་ཅན་གྱི་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་མགོ་རྩོམ་རྒྱུ་ཡིན་ཟེར།
ཁོ་རིན་གྱིས་བཤད་རྒྱུར། དེའི་སྐོར་གྱི་གན་རྒྱ་བཀོད་ཟིན་པ་དང་། ཐག་གཅོད་ལྟར་ན་སྔ་གཞུག་ཏུ་འཕུར་མདའི་མ་ལག་འདོན་སྤྲོད་བྱེད་རྒྱུ་ཡིན་ལ། ངའི་རེ་བ་ནི་ད་ལོ་ནས་བཟུང་མ་ལག་ཁ་ཤས་འདོན་སྤྲོད་བྱེད་རྒྱུ་དང་། སང་ལོར་ཡང་མ་ལག་སྐོར་ཞིག་འདོན་སྤྲོད་བྱེད་རྒྱུ་དེ་ཡིན་ལ། དེ་ཨུ་རུ་སིའི་བཟོ་ལས་གསར་བཟོའི་ནུས་པར་རག་ལས་ཡོད་ཟེར།
ཁོ་རིན་གྱིས་དབྱི་ལང་ལ་ཕྱིར་འཚོང་བྱེད་རྒྱུ་ཡིན་པའི་འཕུར་མདའ་ནི་དེའི་སྔོན་ལ་སི་རི་ཡར་བཙོང་རྩིས་ཡོད་པའི་འཕུར་མདའ་དེ་མིན་པར་བཤད། ཁོས་བཤད་རྒྱུར། ལྷུ་ལག་ཁ་ཤས་ནི་སྔོན་ཆད་ཀྱི་ཡིན་ན་ཡང་། ལེགས་བཅོས་བྱས་ཡོད་ལ། ལས་སྣོན་བྱས་ཡོད་པའིs-300རྟགས་ཅན་གྱི་འཕུར་མདའ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་ཏེ་“མི་ཡུལ་གྱི་སུམ་རྩེན་གཉིས་པ”རུ་བསྐྱོད་།
རིན་སྤུངས་རྫོང་ཁང་གཞུང་ཤང་གིས་རྩེ་སྒྲོ་བཟོ་བའི་སྲོལ་རྒྱུན་ལག་ཤེས་དར་སྤེལ་བཏང་བ།
གཞིས་རྩེ་གྲོང་ཁྱེར་གྱིས་ལམ་སྐྱོང་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བ།
“དྲོ་སྐྱིད་འདུ་འགོད”ཀྱིས་བོད་རིགས་ཕྲུ་གུར་དྲོ་སྐྱིད་སྦྱིན།
བོད་ཁུལ་གསར་འགྱུར།
- ཆབ་མདོ་གྲོང་ཁྱེར་གྱི་མཁར་གྲོང་གི་སྡེ་ཁུལ་འཛུགས་སྐྲུན་བདེ་བླག་ངང་སྤེལ་བཞིན་ཡོད།
- ནག་ཆུ་ས་ཁུལ་གྱིས་བོད་རྒྱ་ཡིག་སྒྱུར་སྐོར་གྱི་གསོ་སྦྱོང་སྤེལ་བ།
- བོད་ལྗོངས་ཀྱིས2016ལོའི་ལོ་འཁོར་གྱི་ཏང་གི་ཚགས་པར་དང་ཏང་གི་དུས་དེབ་འགྲེམས་སྤེལ་ལས་དོན་བཀོད་སྒྲིག་བྱས་པ།
- ཆབ་མདོ་གྲོང་ཁྱེར་གྱིས་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།
- ལྷ་ས་གྲོང་ཁྱེར་རྒྱལ་ཁྲལ་ཅུས་གྲོང་ཤར་ཁྲལ་དོན་ཡན་ལག་ཅུས་ཀྱིས“དྲོ་སྐྱིད་སྦྱིན་པ་དང་གཅེས་སེམས་འབུལ་བའི”བྱེད་སྒོ་རྒྱུན་གཏན་ཅན་དུ་འགྱུར་བར་བྱས་པ།
- ཉིང་ཁྲིས་ཞི་མཐུན་དཔེ་བཟང་དགོན་སྡེ་དང་རྒྱལ་གཅེས་ཁྲིམས་སྲུང་གི་སྔོན་ཐོན་གྲྭ་བཙུན་ལ་གཟེངས་བསྟོད་བྱས་པ།
- “གྲོང་ཁྱེར་མཛེས་བཟོ་མཁན”ལ་གུས་པས་འདུད།
- དམངས་འཚོའི་བྱ་ཐབས་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་བཏོད།
- ཞིང་སྡེ་གསར་གྲས་ཀྱི་ཞིང་ཆེན་རིམ་པའི་འཛུགས་སྐྲུན་གྲོང་སྡེའི་རྣམ་གྲངས་ཀྱིས་ཞིང་པར་ཁེ་ཕན་སྤྲོད་པ།