ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་ཧྥ་རན་སིའི་ཕ་རི་སི་ནས་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་སྤེལ་རྗེས། ཧྥ་རན་སིས་དེར་སྐྱིན་པ་ལེན་རྒྱུ་ཡིན་ཞེས་དམ་བཅས། ཧྥ་རན་སིའི་ཏའེ་ཀའོ་ལི་ཞེས་པའི་མ་གྲུ་དེ་གཟའ་འཁོར་སྔོན་མའི་གཟའ་མཇུག་ལ་ས་དཀྱིལ་རྒྱ་མཚོའི་ཤར་ཕྱོགས་སུ་ཐོན་རྗེས། ས་དེའི་ཚེས་ཉེར་གསུམ་ཉིན་ནས་བཟུང་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་དབྱི་རག་དང་སི་རི་ཡའི་དམིགས་འབེན་ལ་སྐོར་ཐེངས་དང་བོའི་འཇབ་རྒོལ་བྱེད་མགོ་བརྩམས།
བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་ཞོགས་པར། རླུང་འཚུབ་རྟགས་ཅན་གྱི་འཐབ་འཛིང་གནམ་གྲུ་མང་བོས་འགད་རྫས་ཁུར་ཏེ་ཏའེ་ཀའོ་ལི་ཞེས་པའི་མ་གྲུའི་སྟེང་ནས་འཕུར་ཏེ་དབྱི་རག་གི་མོ་སུའུ་ཨར་དང་ལ་མ་ཏེ་ས་ཁུལ་གྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཀྱི་སྒར་ས་འགས་གཏོར་བཏང་ཟེར།
ཧྥ་རན་སིའི་སྐམ་དམག་གི་ཇུས་འདོན་དཔོན་པོ་ཏི་ཝེ་ལི་ཡེ་ཡིས་ཏའེ་ཀའོ་ལི་ཞེས་པའི་མ་གྲུའི་སྟེང་ནས་བཤད་རྒྱུར། ང་ཚོས་ལ་མ་ཏེ་དང་མོ་སུའུ་ཨར་ལ་བར་སྣང་འཇབ་རྒོལ་བྱས་ཏེ། ས་ངོས་ནས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ལ་དཔུང་འཇུག་བྱེད་པའི་དམག་དཔུང་ལ་གཞོགས་འདེགས་བྱས་པ་ཡིན་ཟེར། ཁོས་བཤད་རྒྱུར། རྗེས་ཕྱོགས་ཀྱི་དུས་ཚོད་འགའ་དང་ཡང་ན་ཉིན་འགའི་རིང་ལ། མ་གྲུའི་སྟེང་གི་འཐབ་འཛིང་གནམ་གྲུས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་སི་རི་ཡ་ན་ཡོད་པའི་དམིགས་འབེན་ལ་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
གཞན་ཡང་ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་བསྒྲགས་པ་ལྟར་ན། ཏའེ་ཀའོ་ལི་མ་གྲུ་ལས་གཞན། ཧྥ་རན་སིའི་དམག་གྲུ་སོ་བརྒྱད་ཀྱིས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་འཇབ་རྒོལ་བྱེད་བཞིན་ཡོད་ཟེར། ཧྥ་རན་སིས་སྔོན་ནས་བཟུང་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་བར་སྣང་ནས་འཇབ་རྒོལ་བྱེད་བཞིན་ཡོད་མོད། ཡིན་ན་ཡང་ཕ་རི་སི་ལ་འཇིགས་སྐུལ་འཇབ་རྒོལ་ཐེབས་རྗེས། ད་གཟོད་དམག་གྲུའི་སྟེང་ནས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེར་འཇབ་རྒོལ་བྱེད་མགོ་བརྩམས་པ་རེད་ཟེར།
དེ་དང་མཉམ་དུ་ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་ཁབ་མང་བོའི་མནའ་འབྲེལ་ཞིག་འཛུགས་རྩིས་ཡོད། ཨོ་ལང་ཏི་ཡིས་ས་དེའི་ཚེས་ཉེར་བཞི་ཉིན་ཨ་མེ་རི་ཁའི་ཝ་ཧྲིན་ཏོན་ལ་འཚམས་འདྲི་བྱས་ཏེ་ཨོ་པ་མ་དང་ཐུག་འཕྲད་བྱེད་རྒྱུ་རེད། ཚེས་ཉེར་ལྔ་ཉིན་ཁོ་ཕྱིར་ཡོ་རོབ་གླིང་དུ་ལོག་ནས། འཇར་མན་གྱི་ཙུང་ལི་མོ་ཁི་ཨར་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། ཚེས་ཉེར་དྲུག་ཉིན། ཨོ་ལང་ཏི་མོ་སི་ཁོ་ལ་སོང་ནས། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཐུག་འཕྲད་བྱེད་རྒྱུ་རེད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ལིས་ཁི་ཆང་གིས་ལའོ་ཝའོ་ཡི་ཙུང་ལི་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་ནས་གསུང་བཤད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ལ་ཚད་རིམ་ལྔ་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།
བོད་ཁུལ་གསར་འགྱུར།
- རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།
- བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་གཉེར་བས་ཞིང་དུད་ཕྱུག་པོར་གྱུར་པ།
- བོད་ལྗོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་བཏང་།
- བོད་ལྗོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱས་རྗེས་གྲུབ་འབྲས་བཟང་པོ་ཐོབ་པ།
- ལོ་གསུམ་གྱི་ནང་མཚོ་སྔོན་དུ་སྨན་ཁང་གསར་བ་བཅོ་ལྔ་ལས་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོའི་སྨན་ཡོན་སྒོར་དུང་ཕྱུར་དྲུག་ལྷག་བཏང་ནས་ནད་པ་འབུམ་གཅིག་ཁྲི་ལྔ་ལྷག་གི་ཁུར་བོ་ཇེ་ཡང་དུ་བཏང་།
- མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་དམངས་ཁྲོད་མདའ་འཕེན་འགྲན་སྡུར་སྤེལ།
- ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་རྨ་ལྷོ་ཁུལ་སྨན་ཁང་གི་རྒྱང་བསྟེན་སྙིང་ནད་སྒོ་བསྟེན་དང་ནད་བརྟག་སྒོ་བསྟེན་ཆ་འཕྲིན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ་ཚོགས་འདུ་བསྡུས།