ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨུ་རུ་སིའི་དམག་མི་དང་ཉེན་རྟོག་པས་ཉིན་དེར་ཀའོ་ཅ་སོ་བྱང་མ་ས་ཁུལ་དུ་ཡོད་པའི་ཁ་པ་ཨར་ཏ་པ་ཨར་ཁ་ཨར་སྤྱི་མཐུན་རྒྱལ་ཁབ་ནས་ཁྲིམས་འགལ་དྲག་ཆས་མི་སྣ་བཅུ་བཞི་བསད་ཟེར།
ཐ་སི་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་ཡོན་ལྷན་ཁང་དེའི་གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་སྤེལ་ནས། ཨུ་རུ་སིའི་དམག་མི་དང་ཉེན་རྟོག་པས་ཉིན་དེར་ཁ་པ་ཨར་ཏ་པ་ཨར་ཁ་ཨར་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་ཁྱེར་གཙོ་བོ་ན་ལེ་ཆི་ཁི་ནས་འཇིགས་སྐུལ་ངོ་རྒོལ་གྱི་ཆེད་དོན་འགུལ་སྐྱོད་སྤེལ་ནས། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་བློ་དཀར་བའི་དྲག་ཆས་ཚོགས་པ་ཞིག་སྐོར་བཅོམ་བྱས་ཏེ། དྲག་ཆས་མི་སྣ་བཅུ་བཞི་ཡོད་པ་ཚང་མ་བསད་ཅེས་བཤད་ཟེར།
ཨུ་རུ་སིའི་རྒྱལ་ཁབ་འཇིགས་སྐུལ་ངོ་རྒོལ་ཨུ་ཡོན་ལྷན་ཁང་ལ་འབྱོར་བའི་གསང་འཕྲིན་ལྟར་ན། ཚོགས་པ་དེས་ས་དེའི་ན་གཞོན་སི་རི་ཡ་ལ་སོང་ནས་འཇིགས་སྐུལ་བྱ་འགུལ་ཁྲོད་ཞུགས་པར་ངན་སྐུལ་བྱས་པ་མ་ཟད། ཀའོ་ཅ་སོ་བྱང་མ་ས་ཁུལ་ནས་ནག་ཉེས་བྱ་འགུལ་མང་བོར་ཇུས་འགོད་བྱས་པ་དང་། དེའི་ནང་དུ་མི་མང་བོ་ཚོགས་ས་ནས་འགད་རྫས་འགས་གཏོར་བཏང་བ་སོགས་འདུ་ཟེར། ཐེངས་འདིའི་འགུལ་སྐྱོད་ཁྲོད་དུ། དམག་མི་དང་ཉེན་རྟོག་པས་ཁྲིམས་འགལ་དྲག་ཆས་མི་སྣ་བསྐུངས་སའི་ས་འོག་ནས་ཁོ་ཚོས་བཟོས་པའི་འགད་རྫས་གཉིས་རྙེད།
ཁ་པ་ཨར་ཏ་པ་ཨར་ཁ་ཨར་སྤྱི་མཐུན་རྒྱལ་ཁབ་ནི་ཨུ་རུ་སིའི་ཀའོ་ཅ་སོ་བྱང་མ་རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་ཡོད་ལ། ཁྲིམས་འགལ་དྲག་ཆས་མི་སྣའི་འགུལ་སྐྱོད་ཧ་ཅང་མང་། ཉེ་བའི་ལོ་འགའི་རིང་ལ། ཨུ་རུ་སི་སྲིད་གཞུང་གིས་ས་ཁུལ་དེའི་ཁྲིམས་འགལ་དྲག་ཆས་མི་སྣར་ཆམ་ཕབ་གཏོང་ཤུགས་ཇེ་ཆེར་བཏང་ནས། དྲག་ཆས་མི་སྣའི་མགོ་བ་མང་བོ་སྔ་གཞུག་ཏུ་བསད་པ་དང་ཡང་ན་འཛིན་བཟུང་བྱས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ལིས་ཁི་ཆང་གིས་ལའོ་ཝའོ་ཡི་ཙུང་ལི་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་ནས་གསུང་བཤད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ལ་ཚད་རིམ་ལྔ་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།
བོད་ཁུལ་གསར་འགྱུར།
- རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།
- བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་གཉེར་བས་ཞིང་དུད་ཕྱུག་པོར་གྱུར་པ།
- བོད་ལྗོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་བཏང་།
- བོད་ལྗོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱས་རྗེས་གྲུབ་འབྲས་བཟང་པོ་ཐོབ་པ།
- ལོ་གསུམ་གྱི་ནང་མཚོ་སྔོན་དུ་སྨན་ཁང་གསར་བ་བཅོ་ལྔ་ལས་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོའི་སྨན་ཡོན་སྒོར་དུང་ཕྱུར་དྲུག་ལྷག་བཏང་ནས་ནད་པ་འབུམ་གཅིག་ཁྲི་ལྔ་ལྷག་གི་ཁུར་བོ་ཇེ་ཡང་དུ་བཏང་།
- མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་དམངས་ཁྲོད་མདའ་འཕེན་འགྲན་སྡུར་སྤེལ།
- ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་རྨ་ལྷོ་ཁུལ་སྨན་ཁང་གི་རྒྱང་བསྟེན་སྙིང་ནད་སྒོ་བསྟེན་དང་ནད་བརྟག་སྒོ་བསྟེན་ཆ་འཕྲིན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ་ཚོགས་འདུ་བསྡུས།