ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་ཉེར་གཉིས་ཉིན་བཀོད་པའི་གསར་འགྱུར་ལྟར་ན། དབྱི་རག་དམངས་སྤྱོད་མཁའ་འགྲུལ་སྡེ་ཁག་གིས་ཉིན་དེར་བཤད་རྒྱུར། ས་དེའི་ཚེས་ཉེར་གསུམ་ཉིན་ནས་བཟུང་རྒྱལ་ས་པ་ཀི་ཏ་ནས་བྱང་ཕྱོགས་ཀྱི་གྲོང་ཁྱེར་ཨེར་པེ་ལི་དང་སུའུ་ལའེ་མན་ཉི་ཡར་འཕུར་བའི་འགྲུལ་སྐྱེལ་གནམ་གྲུ་ཉིན་གཉིས་ཀྱི་རིང་ལ་གཏོང་མཚམས་བཞག་སྟེ། འགྲུལ་བ་རྣམས་ལ་ལི་ཧེ་རྒྱ་མཚོ་ནས་དབྱི་རག་བྱང་ཕྱོགས་བརྒྱུད་དེ་སི་རི་ཡའི་མངའ་ཁོངས་སུ་འཕེན་པའི་འཕུར་མདའ་དང་འཐབ་འཛིང་གནམ་གྲུའི་གནོད་པ་མི་ཐེབས་པར་བྱེད་རྒྱུ་ཡིན་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིས་ཟླ་སྔོན་མ་ནས་བཟུང་ལི་ཧེ་རྒྱ་མཚོ་རུ་ཡོད་པའི་འཐབ་འཛིང་དམག་གྲུ་སྟེང་ནས་སི་རི་ཡའི་མངའ་ཁོངས་སུ་འཕུར་མདའ་འཕེན་པ་དང་རྒྱང་འཕུར་འགས་གཏོར་གནམ་གྲུ་མངགས། འཕུར་མདའ་དང་གནམ་གྲུ་དག་དབྱི་ལང་དང་དབྱི་རག་གི་སྤྱི་ལེ་སྟོང་གཅིག་དང་ལྔ་བརྒྱའི་མངའ་ཁོངས་ཀྱི་བར་སྣང་བརྒྱུད་དགོས་ཟེར།
བསྒྲགས་པའི་གནས་ཚུལ་ལྟར་ན། མིག་སྔར་པ་ཀི་ཏ་ཕྱོགས་ནས་ཨུ་རུ་སིའི་གཟའ་འཁོར་འདིའི་ནང་བར་སྣང་གི་འཇབ་རྒོལ་འགུལ་སྐྱོད་ལ་ཤུགས་སྣོན་པར་རེ་སྒུག་བྱེད་བཞིན་ཡོད་མེད་ད་དུང་གསལ་བོར་མི་ཤེས་ལ། ཟླ་སྔོན་མར། དབྱི་རག་གིས་ཨུ་རུ་སི་དང་དབྱི་ལང་། སི་རི་ཡ་བཅས་ལ་གསང་འཕྲིན་དང་བདེ་འཇགས་ཐད་ཀྱི་མཉམ་ལས་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྣང་ལ་ཁ་གཏད་འཇལ་རྒྱུ་ཡིན་ཞེས་བསྒྲགས་མྱོང་།
དེ་དང་མཉམ་དུ། མོ་སི་ཁོ་ཕྱོགས་ནས་ཀྱང་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་གྱི་རེ་བ་ལྟར་མཁའ་དམག་རྟེན་གཞི་ནས་འགས་གཏོར་གནམ་གྲུ་མངགས་ཏེ་སི་རི་ཡའི་མངའ་ཁོངས་སུ་བར་སྣང་ནས་འཇབ་རྒོལ་བྱས། ཨུ་རུ་སི་ཕྱོགས་ཀྱིས་བར་སྣང་འཇབ་རྒོལ་གྱི་དམིགས་འབེན་གཙོ་བོ་ནི་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་མི་སྣ་ཡིན་ཞེས་བཤད་མོད། ཡིན་ན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཨུ་རུ་སིས་དམིགས་འབེན་གཞན་པར་འཇབ་རྒོལ་བྱས་ཞེས་སྐྱོན་བརྗོད་བྱས་པ་དང་། དམིགས་འབེན་གྱི་ནང་དུ་ནུབ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱེད་བཞིན་པའི་སི་རི་ཡའི་ངོ་རྒོལ་ཕྱོགས་ཁག་གིས་བདག་འཛིན་བྱས་ཡོད་པའི་ས་ཁུལ་ཡང་ཡོད།
ཟླ་སྔོན་མར་ཡང་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཨུ་རུ་སིས་ལི་ཧེ་རྒྱ་མཚོའི་དམག་གྲུའི་སྟེང་ནས་འཕངས་པའི་འཕུར་མདའ་བཞི་དབྱི་ལང་གི་མངའ་ཁོངས་སུ་ལྷུང་ཞེས་བཤད་མོད། ཡིན་ན་ཡང་ཨུ་རུ་སི་ཕྱོགས་ཀྱིས་འཕུར་མདའ་དེ་དག་སི་རི་ཡའི་མངའ་ཁོངས་ཀྱི་དམིགས་འབེན་ལ་ཕོག་ཡོད་ཅེས་བཤད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ལིས་ཁི་ཆང་གིས་ལའོ་ཝའོ་ཡི་ཙུང་ལི་དང་ནེའུ་ཙི་ལན་གྱི་ཙུང་ལི་གཉིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཀྲུང་གོ་དང་འཇར་པན། ཧན་གོ་བཅས་ཀྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས་ནས་གསུང་བཤད་གནང་།
ལིས་ཁི་ཆང་ཨེ་ཤ་ཡ་ཤར་ལྷོའི་མཐོ་རིམ་གྲོས་ཚོགས་སྐབས་བཅུ་བར་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཆི་ལེན་རྫོང་ལ་ཚད་རིམ་ལྔ་གྲངས་ཆུང་གཉིས་ཀྱི་ས་འགུལ་བྱུང་།
བོད་ཁུལ་གསར་འགྱུར།
- རྒྱལ་ཁབ་ཀྱི་རི་མོ་ཆེ་གྲས་མཛེས་པའི་བོད་ལྗོངས་ཞེས་པ་ལྷ་སར་འགྲེམ་སྟོན་བྱས་པ།
- བོད་ལྗོངས་ཀྱིས་ཁྱད་ལྡན་ཐོན་ལས་གཉེར་བས་ཞིང་དུད་ཕྱུག་པོར་གྱུར་པ།
- བོད་ལྗོངས་ཀྱིས་ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ལས་ཞུགས་གཞི་ཁྱོན་ཆེ་རུ་བཏང་།
- བོད་ལྗོངས་བཟོ་ཚོང་ཁོངས་གཏོགས་ཀྱིས་བསྒྱུར་བཅོས་བྱ་ཐབས་མང་པོ་ཞིག་ལག་བསྟར་བྱས་རྗེས་གྲུབ་འབྲས་བཟང་པོ་ཐོབ་པ།
- ལོ་གསུམ་གྱི་ནང་མཚོ་སྔོན་དུ་སྨན་ཁང་གསར་བ་བཅོ་ལྔ་ལས་ནས་མང་ཚོགས་ཀྱིས་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་རྒྱུ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ནད་ལྕི་མོའི་སྨན་ཡོན་སྒོར་དུང་ཕྱུར་དྲུག་ལྷག་བཏང་ནས་ནད་པ་འབུམ་གཅིག་ཁྲི་ལྔ་ལྷག་གི་ཁུར་བོ་ཇེ་ཡང་དུ་བཏང་།
- མཚོ་ལྷོ་ཁུལ་གྱི་སྐབས་གཉིས་པའི་མི་རིགས་མཐུན་སྒྲིལ་དམངས་ཁྲོད་མདའ་འཕེན་འགྲན་སྡུར་སྤེལ།
- ཐེན་ཅིན་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་རྨ་ལྷོ་ཁུལ་སྨན་ཁང་གི་རྒྱང་བསྟེན་སྙིང་ནད་སྒོ་བསྟེན་དང་ནད་བརྟག་སྒོ་བསྟེན་ཆ་འཕྲིན་མ་ལག་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཞིབ་བཤེར་ཆེན་མོའི་གནད་དོན་དག་ཐེར་གནས་ཚུལ་གྱི་སྙན་ཞུ་ཚོགས་འདུ་བསྡུས།