ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། དབྱིན་ཇི་ཟླ་བཅུ་གཉིས་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་བར་སྣང་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཞུགས་སྲིད་ཟེར།

འབྲེལ་ཡོད་མི་སྣས་བཤད་རྒྱུར། དབྱིན་ཇིའི་གྲོས་ཁང་ཞོལ་མས་གཟའ་འཁོར་གཉིས་ཀྱི་ནང་བར་སྣང་ནས་འཇབ་རྒོལ་བྱེད་མིན་ཐད་ནས་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། གལ་ཏེ་བརྡས་ཐག་བཅད་དེ་བར་སྣང་ནས་འཇབ་རྒོལ་བྱེད་པར་རྒྱབ་སྐྱོར་བྱས་ཚེ། དབྱིན་ཇིའི་དམག་ཕྱོགས་ཀྱིས་དུས་ཚོད་འགའི་ནང་འགུལ་སྐྱོད་སྤེལ་སྲིད་ཟེར། དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཁ་མེ་ལུན་གྱིས་དེ་སྔོན་དབྱིན་ཇི་དེ་ཨ་མེ་རི་ཁ་དང་ཧྥ་རན་སི་དང་མཉམ་དུ་བར་སྣང་ནས་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་ཞུགས་པར་སྐུལ་འདེད་བཏང་ན་ཡང་། ངོ་རྒོལ་ཏང་སྟེ་བཟོ་བའི་ཏང་གིས་བསམ་འཆར་མི་འདྲ་བ་བཏོན་པས་དོན་དག་དེར་གྲོས་ཁང་ནས་བཀག་འགོག་ཐེབས་པ་རེད།

ད་ལོའི་ཟླ་དགུ་བར་ལས་འགན་ཁུར་མགོ་བརྩམས་པའི་བཟོ་བའི་ཏང་གི་གཙོ་འཛིན་ཁོ་ཨར་པེན་གྱིས་ཡུན་རིང་བོར་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་ལངས་ཕྱོགས་བཅངས་ཡོད་པ་དང་། ཁོས་སི་རི་ཡར་བར་སྣང་ནས་འཇབ་རྒོལ་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད། ཉིན་རེའི་གློག་འཕྲིན་ཚོགས་པར་སྟེང་བཀོད་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ལ་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་ཐེབས་རྗེས། བཟོ་བའི་ཏང་ནང་ཁུལ་ནས་ཀྱང་ལྟ་ཚུལ་མི་མཐུན་པ་བྱུང་སྟེ། ཁོངས་མི་ཁ་ཤས་ཀྱིས་ཁོ་ཨར་པེན་གྱི་ལྟ་ཚུལ་ལ་ངོ་རྒོལ་བྱས་ཏེ་བར་སྣང་ནས་འཇབ་རྒོལ་བྱེད་པའི་འགུལ་སྐྱོད་ལ་རྒྱབ་སྐྱོར་བྱེད་མགོ་བརྩམས་ཟེར།

བཟོ་བའི་ཏང་ནང་ཁུལ་གྱི་མི་སྐོར་ཞིག་གིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་འཐད་པ་མ་བྱུང་ན་ཡང་བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་ཁྲོད་ཞུགས་པར་རྒྱུ་མཚན་མང་བོ་ཡོད་པར་འདོད་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་ཤུགས་ཇེ་ཆེར་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། བཟོ་བའི་ཏང་ནང་ཁུལ་ནས་བར་སྣང་འཇབ་རྒོལ་ལ་རྒྱབ་སྐྱོར་བྱེད་པའི་གྲོས་མིའི་གྲངས་ཀ་སྔར་ལས་ཇེ་མང་དུ་སོང་བ་དང་། དེས་གྲོས་ཁང་ཞོལ་མས་བརྡས་ཐག་བཅད་དེ་འབྲེལ་ཡོད་གྲོས་ཆོད་ལ་གྲོས་འཆམ་བྱུང་ནས། བར་སྣང་འཇབ་རྒོལ་ལ་འཐད་པ་འབྱུང་བར་རོགས་རམ་བྱེད་ཐུབ་ངེས་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།