ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ནུབ་རྒྱུད་ཀྱི་ཁ་མེ་ལུང་དང་ཀྲ་ཏི་རྒྱལ་ཁབ་གཉིས་ལ་འབྲེལ་བའི་མཐའ་མཚམས་ས་ཁུལ་གྱི་སྡེ་བ་ཞིག་ལ་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མི་ཉེར་དྲུག་ཙམ་རྐྱེན་ལམ་དུ་ཤོར།
ཁ་མེ་ལུང་དམག་ཕྱོགས་ཀྱི་མི་སྣས་བཤད་རྒྱུར། ཁོ་ཚོར་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་དམག་ཕྱོགས་ཀྱིས་འདོན་སྤྲོད་བྱས་པའི་གནས་ཚུལ་ལྟར་ན། མཚོན་ཆ་དྲག་པོ་བཟུང་བའི་དྲག་ཆས་མི་སྣས་མུའུ་ཧ་ལོ་ལོ་རིགས་ཀྱི་འབྲོག་དམངས་འདུག་སའི་པུའུ་ཙུའུ་སྡེ་བར་འཇབ་རྒོལ་བྱས་པ་དང་། འབྲོག་པ་རྣམས་ཀྱིས་རི་དྭགས་རྔོན་བྱེད་ཀྱི་མེ་མདའ་བཟུང་ནས་རྒོལ་ལན་སྤྲད། འཇབ་རྒོལ་ཁྲོད་ནས་མི་ཉེར་དྲུག་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོར་རྨས་ཕོག མིག་སྔར་འཇབ་རྒོལ་དེ་དག་གི་ཐོབ་ཐང་གསལ་བོར་མི་ཤེས་མོད། ཡིན་ན་ཡང་ཁོ་ཚོས་འཇབ་རྒོལ་བྱེད་པའི་དམིགས་ཡུལ་ནི་ཕྱུགས་ཟོག་འཕྲོག་རྒྱུ་དེ་ཡིན་ངེས་ཟེར།
ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཏུ་ཡུན་རིང་བོར་ཟིང་འཁྲུག་བྱུང་བ་དང་། དྲག་ཆས་རྩ་འཛུགས་པ་ལ་ཁར་ངོ་རྒོལ་བྱེད་པ་ཞེས་པ་དང་སྔོན་ཆད་ཀྱི་དྲག་ཆས་རྩ་འཛུགས་སའེ་ལེ་ཁ་ཞེས་པའི་ཁོངས་མིའི་བར་རྒྱུན་དུ་འཁྲུག་རྩོད་འབྱུང་བཞིན་པས། མི་ཆོས་རིང་ལུགས་ཀྱི་ཉེན་ཚབས་ཆེན་པོ་བྱུང་ཡོད། ཉིས་སྟོང་བཅུ་བཞི་ལོའི་ཟླ་བཞི་བར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་གྲོས་ཆོད་ཅིག་ལ་གྲོས་འཆམ་བྱུང་ནས། མི་ཁྲི་གཅིག་ལས་བརྒལ་བའི་ཨ་ཧྥེ་རི་ཁ་དབུས་མའི་བརྟན་འཇགས་ཚོགས་པ་བཙུགས་པ་དང་། དེའི་ལས་འགན་སྒྲུབ་པའི་དུས་ཡུན་དེ་ཉིས་སྟོང་བཅུ་དྲུག་ལོའི་ཟླ་བཞི་བའི་ཚེས་སུམ་ཅུ་ཉིན་བར་ཇེ་རིང་དུ་བཏང་ཡོད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།
ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་དང་གྲོས་མོལ་མཛད།
མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
བོད་ཁུལ་གསར་འགྱུར།
- ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་སྔོན་མ9ཡི་ནང་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར11.62མངོན་འགྱུར་བྱས།
- ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྔོན་ཐོན་མི་སྣ་དང་སྡེ་ཁག་ལ་གཟེངས་བསྟོད་བྱས།
- བསམ་གྲུབ་རྩེ་ཆུས་ཀྱིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
- ཆབ་མདོས་ལོ་གསུམ་ནང་ངལ་ནུས་ལྷག་མ་ཁྲི་ཉེར་དྲུག་ལས་ཞུགས་གཞན་སྒྱུར་བྱས་པ།
- བོད་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཁེ་ལས་ཁྲི14ལྷག་ཙམ་ཡོད་པ།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་གཟན་རྩྭ་ཏུན་ཁྲི་གཅིག་དང་སྟོང་ལྔ་བཀོད་སྒྲིག་བྱེད་རྒྱུ་རེད།
- ཞང་དང་གྲོང་བརྡལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་གྱི་གཞི་རིམ་དཔེ་མཚོན་སྐྱེད་བསྲིང་བྱེད་པའི་ཡུལ་དངོས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་གི་སློབ་ཆུང་གི་སློབ་གཙོའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
- པདྨ་རྫོང་གི་བོད་ཇ་ལ་ཧྲང་ཧེའི་སྟོན་ཇའི་འགྲེམ་སྟོན་སྟེང་དགའ་བསུ་ཆེན་པོ་ཐོབ།