ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁྲའོ་ཞན་མི་དམངས་དམག་ལྷོ་ནུབ་གཡུལ་ས་དམག་སྤྱི་ཁང་གི་མགྲིན་ཚབ་པས་ཚེས་ཉེར་གཉིས་ཉིན་གཏམ་བཤད་སྤེལ་ནས། ཧན་གོ་ཕྱོགས་ཀྱིས་ལོ་ལྔའི་སྔོན་གྱི་ཡན་ཕེན་གླིང་ཕྲན་སྟེང་གི་མེ་སྒྱོགས་འཇབ་རྒོལ་དོན་རྐྱེན་དེའི་བསླབ་བྱ་ཡིད་ལ་བཅངས་ནས། ཚེས་ཉེར་གསུམ་ཉིན་ནུབ་རྒྱུད་ཀྱི་རྩོད་གཞི་ཆེ་བའི་མཚོ་ཁོངས་ནས་ཡང་བསྐྱར་ཁྲའོ་ཞན་ཕྱོགས་ལ་འགྲན་སློང་མི་རུང་བའི་ཉེན་བརྡ་བཏང་།
མགྲིན་ཚབ་པ་དེས་བཤད་རྒྱུར། ཧན་གོ་ཕྱོགས་ཀྱིས་པད་ལིན་གླིང་ཕྲན་དང་ཡན་ཕེན་གླིང་ཕྲན་ནས་ཁྲའོ་ཞན་གྱི་ཆུ་ཁོངས་སུ་ཁ་གཏད་དེ་མེ་མདས་བརྒྱབ་སྟེ། དམག་དཔུང་གི་ངར་ཤུགས་བསྐྱེད་འདོད་འདུག་ཟེར། མགྲིན་ཚབ་པ་དེས་བཤད་རྒྱུར། ཁྲའོ་ཞན་མི་དམངས་དམག་ལྷོ་ནུབ་གཡུལ་ས་དམག་དཔུང་གི་དཔོན་དམག་གིས་མི་སུ་ལས་ཀྱང་ཞི་བདེ་ལ་གཅེས་སྤྲས་བྱེད་པ་དང་། ཞི་བདེར་གཏོར་བརླག་བྱེད་པའི་བྱ་སྤྱོད་ཡོད་ཚད་ལ་བཟོད་སྒོམ་གཏན་ནས་མི་བྱེད། གལ་ཏེ་ཧན་གོའི་དམག་ཕྱོགས་ཀྱིས་ཚེས་ཉེར་གསུམ་ཉིན་ནུབ་རྒྱུད་ཀྱི་རྩོད་གཞི་ཆེ་བའི་ཆུ་ཁོངས་ནས་ཁྲའོ་ཞན་ཕྱོགས་ལ་ཁ་གཏད་དེ་མེ་མདས་བརྒྱབ་ན། ཁྲའོ་ཞན་ཕྱོགས་ཀྱིས་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དེར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།
ཉིས་སྟོང་བཅུ་ལོའི་ཟླ་བཅུ་གཅིག་པའི་ཚེས་ཉེར་གསུམ་ཉིན། ཧན་གོ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཡན་ཕེན་ཕྱེད་གླིང་གི་ནུབ་རྒྱུད་མཚོ་ཁོངས་ཀྱི་རྩོད་གཞི་ཆེ་བའི་བྱང་ཕྱོགས་མཐའ་མཚམས་ཉེ་འདབས་ནས་ཕན་ཚུན་ལ་སྒྱོགས་མདེལ་འཕངས་པ་དང་། ཕྱོགས་གཉིས་ཀས་ཕ་རོལ་བས་སྔོན་ལ་སྒྱོགས་མདེལ་འཕངས་པ་རེད་ཅེས་བཤད།
ཁྲའོ་ཞན་དང་ཧན་གོའི་བར་དུ་ཁྲའོ་ཞན་ཕྱེད་གླིང་གི་ནུབ་རྒྱུད་མཚོ་ཁོངས་ཀྱི་ས་མཚམས་ཐད་ནས་རྩོད་གཞི་ཆེན་པོ་ཡོད། ཧན་གོས་ཡན་ཕེན་གླིང་ཕྲན་དང་བཅས་པའི་ནུབ་མཚོའི་གླིང་ལྔ་དང་ཁྲའོ་ཞན་ནུབ་རྒྱུད་མཚོ་འགག་བར་དུ་བྱང་ཕྱོགས་ས་རྟགས་ཞེས་པའི་མཚོ་ཐོག་ནས་རྟགས་ཤིག་བརྒྱབ་ཡོད་མོད། ཡིན་ནའང་ཁྲའོ་ཞན་ཕྱོགས་ཀྱིས་དེ་ཁས་ལེན་བཞིན་མེད་པས། ཕྱོགས་གཉིས་བར་ཐེངས་མང་བོར་མཚོ་ཐོག་ནས་འཁྲུག་རྩོད་བྱུང་མྱོང་། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།
ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་དང་གྲོས་མོལ་མཛད།
མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
བོད་ཁུལ་གསར་འགྱུར།
- ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་སྔོན་མ9ཡི་ནང་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར11.62མངོན་འགྱུར་བྱས།
- ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྔོན་ཐོན་མི་སྣ་དང་སྡེ་ཁག་ལ་གཟེངས་བསྟོད་བྱས།
- བསམ་གྲུབ་རྩེ་ཆུས་ཀྱིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
- ཆབ་མདོས་ལོ་གསུམ་ནང་ངལ་ནུས་ལྷག་མ་ཁྲི་ཉེར་དྲུག་ལས་ཞུགས་གཞན་སྒྱུར་བྱས་པ།
- བོད་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཁེ་ལས་ཁྲི14ལྷག་ཙམ་ཡོད་པ།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་གཟན་རྩྭ་ཏུན་ཁྲི་གཅིག་དང་སྟོང་ལྔ་བཀོད་སྒྲིག་བྱེད་རྒྱུ་རེད།
- ཞང་དང་གྲོང་བརྡལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་གྱི་གཞི་རིམ་དཔེ་མཚོན་སྐྱེད་བསྲིང་བྱེད་པའི་ཡུལ་དངོས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་གི་སློབ་ཆུང་གི་སློབ་གཙོའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
- པདྨ་རྫོང་གི་བོད་ཇ་ལ་ཧྲང་ཧེའི་སྟོན་ཇའི་འགྲེམ་སྟོན་སྟེང་དགའ་བསུ་ཆེན་པོ་ཐོབ།