ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འབར་མ་རྒྱལ་ཁབ་བྱང་ཕྱོགས་ཀྱི་ཁི་ཆིན་མངའ་སྡེའི་ཕ་ཁན་གྲོང་རྡལ་གྱི་སྲིད་འཛིན་འགན་ཁུར་བ་ཝུའུ་ཏེན་རོས་མེན་གྱིས་ཚེས་བཅུ་གཉིས་ཉིན་ཞིན་ཧྭ་གསར་འགྱུར་གི་གསར་འགོད་པར་བདེན་དཔང་བྱེད་རྒྱུར། ཉིན་དེའི་ཞོགས་པའི་དུས་ཚོད་བདུན་བར་དུ། ཕ་ཁན་གྲོང་རྡལ་ཉེ་འདབས་ཀྱི་གཡང་ཊིའི་གཏེར་རི་ཉིལ་བའི་དོན་རྐྱེན་ཁྲོད་ནས་མི་དགུ་བཅུ་གོ་བཞི་རྐྱེན་ལམ་དུ་ཤོར་ཟེར།
ཕ་ཁན་གྲོང་རྡལ་གྱི་སང་ཁ་སྡེ་བའི་ཉེ་འདབས་ཀྱི་གཡང་ཊིའི་གཏེར་རི་ཞིག་ཚེས་ཉི་ཤུ་ཉིན་གྱི་ནམ་གུང་གི་དུས་ཚོད་གསུམ་དང་ཕྱེད་ཀའི་ཉིལ་ནས། ཁང་བ་བརྒྱད་ཅུ་ཙམ་འོག་ཏུ་མནན་པ་དང་། གཏེར་འདོན་པ་བརྒྱ་ཕྲག་ལྷག་གར་སོང་མ་ཤེས།
ཝུའུ་ཏེན་རོས་མེན་གྱིས་བཤད་རྒྱུར། ཚེས་ཉེར་གཅིག་ཉིན་གྱི་ནམ་གུང་། མྱུར་སྐྱོབ་མི་སྣས་བེམ་པོ་བདུན་ཅུ་དོན་དགུ་ས་འོག་ནས་བླངས་པ་དང་། ཚེས་ཉེར་གཉིས་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་བར་དུ། བེམ་པོ་གོ་དགུ་ས་ཁར་བླངས། ས་དེའི་དཔོན་རིགས་དང་དང་བླངས་པ་སུམ་བརྒྱ་ཙམ་མྱུར་སྐྱོབ་ཁྲོད་ཞུགས་པ་དང་། ས་སློག་འཕྲུལ་ཆས་བཅུ་བཞི་བཀོལ། མྱུར་སྐྱོབ་བྱ་བ་ད་དུང་མུ་མཐུད་དུ་སྒྲུབ་བཞིན་ཡོད་ཟེར།
ཁོས་མཚམས་སྦྱོར་བྱེད་རྒྱུར། གཏེར་འདོན་ཀུང་ཟིས་ས་དེའི་རྒྱ་ཁྱོན་ལ་སྤྱི་ཆིངས་བརྒྱད་ཅུ་གྱ་གཅིག་ཙམ་གྱི་ས་སྟོང་དུ་གོ་མི་ཆོད་པའི་གཏེར་རྡོ་སྤུངས་ཡོད་ལ། མི་ལ་ལས་རྒྱུན་དུ་རྡོ་ཕུང་དེའི་ཁྲོད་ནས་རིན་ཐང་ཅན་གྱི་གཏེར་རྡོ་འཚོལ་བཞིན་ཡོད། ཐེངས་འདིའི་རི་ཉིལ་བའི་དོན་རྐྱེན་ཁྲོད་དུ། རྡོ་ཕུང་ཆེན་པོ་གཉིས་ཀྱི་དཀྱིལ་དུ་ཡོད་པའི་ཁང་རྙིང་དུ་བསྡད་ཡོད་པའི་མི་ཚེ་ལས་འདས་པ་ཧ་ཅང་མང་ཟེར།
ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། ཕ་ཁན་གྲོང་རྡལ་གྱི་ཉེ་འདབས་སུ་ཉིན་རེ་རེར་རྡོ་ཕུང་ཉིལ་ནས་མི་གཅུར་བའི་དོན་རྐྱེན་འབྱུང་བཞིན་ཡོད་ལ། ད་ལོའི་ལོ་མགོར་རི་ཉིལ་བའི་དོན་རྐྱེན་ཞིག་གི་ཁྲོད་ནས། མི་ལྔ་བཅུ་རྐྱེན་ལམ་དུ་ཤོར་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་རྒྱ་གར་གྱི་ཙུང་ལི་མའོ་ཏིས་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་སྤྱིའི་གྲོས་ཚོགས་ལྟེ་གནས་ནས་བསྡུས་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པར་ཞུགས།
ཙུང་ལི་ལིས་ཁི་ཆང་གིས་ཅི་ལོང་ཕོར་ནས་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐི་ཨུན་པུའུ་དང་གྲོས་མོལ་མཛད།
མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
བོད་ཁུལ་གསར་འགྱུར།
- ཉིང་ཁྲི་གྲོང་ཁྱེར་གྱིས་ཟླ་སྔོན་མ9ཡི་ནང་ཁྲལ་སྡུད་ཡོང་སྒོ་སྒོར་དུང་ཕྱུར11.62མངོན་འགྱུར་བྱས།
- ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་ཚོར་བཅའ་སྡོད་ལས་དོན་གྱི་སྔོན་ཐོན་མི་སྣ་དང་སྡེ་ཁག་ལ་གཟེངས་བསྟོད་བྱས།
- བསམ་གྲུབ་རྩེ་ཆུས་ཀྱིས་ཞབས་ཞུ་རྣམ་པའི་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ།
- ཆབ་མདོས་ལོ་གསུམ་ནང་ངལ་ནུས་ལྷག་མ་ཁྲི་ཉེར་དྲུག་ལས་ཞུགས་གཞན་སྒྱུར་བྱས་པ།
- བོད་ལྗོངས་སུ་ཁྲོམ་རའི་བྱེད་པོ་ཁེ་ལས་ཁྲི14ལྷག་ཙམ་ཡོད་པ།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོར་མཚོ་སྔོན་ལྷོ་རྒྱུད་འབྲོག་ཁུལ་དུ་གཟན་རྩྭ་ཏུན་ཁྲི་གཅིག་དང་སྟོང་ལྔ་བཀོད་སྒྲིག་བྱེད་རྒྱུ་རེད།
- ཞང་དང་གྲོང་བརྡལ་གཙོ་བོའི་ཕྱོགས་བསྡུས་བཅོས་སྐྱོང་དང་བདེ་འཇགས་འཛུགས་སྐྲུན་གྱི་གཞི་རིམ་དཔེ་མཚོན་སྐྱེད་བསྲིང་བྱེད་པའི་ཡུལ་དངོས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་དབུལ་ཕོངས་རྫོང་གི་སློབ་ཆུང་གི་སློབ་གཙོའི་ནུས་པ་མཐོར་འདེགས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས།
- པདྨ་རྫོང་གི་བོད་ཇ་ལ་ཧྲང་ཧེའི་སྟོན་ཇའི་འགྲེམ་སྟོན་སྟེང་དགའ་བསུ་ཆེན་པོ་ཐོབ།