ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཅིབ་གྲོས་ཁང་གི་འདེམ་བསྐོ་ལ་ས་དེའི་ཚེས་ཉེར་གཉིས་ཉིན་གྱི་སྔ་དྲོའི་དུས་ཚོད་དགུའི་སྟེང་དུས་རིམ་གཉིས་པའི་འདེམ་ཤོག་འཕེན་མགོ་བརྩམས།

ཨེ་ཅིབ་ཆེས་མཐོ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། འདེམ་སྒུག་པ་སྟོང་གསུམ་ཙམ་གྱི་སྐོར་ཐེངས་འདིའི་གོ་གནས་ཉིས་བརྒྱ་དང་གྱ་གཉིས་རྩོད་དགོས་ལ། དེའི་ནང་དུ་སྲིད་ཏང་གི་གོ་གནས་དྲུག་ཅུ་དང་རང་རྐྱ་འཕེར་བའི་འདེམ་སྒུག་པའི་གོ་གནས་ཉིས་བརྒྱ་དང་ཉེར་གཉིས་ཡོད། ཞིང་ཆེན་བཅུ་གསུམ་གྱི་འདེམ་དམངས་བྱེ་བ་གཉིས་དང་ས་ཡ་བརྒྱད་ཙམ་གྱིས་ཉིན་གཉིས་རིང་ལ་འདེམ་ཤོག་འཕངས་ཆོག སྔོག་དཔག་བྱས་ན་སྐོར་ཐེངས་འདིའི་འདེམ་ཤོག་གི་མཇུག་འབྲས་དེ་ཟླ་བཅུ་གཉིས་པའི་ཟླ་མགོར་ཁྱབ་སྒྲོག་བྱེད་ཐུབ་ཟེར།

ཟླ་བཅུ་བའི་ཚེས་བཅོ་བརྒྱད་དང་ཚེས་བཅུ་དགུ་ཉིན་གཉིས་ལ་སྤེལ་བའི་དུས་རིམ་དང་བོའི་འདེམ་ཤོག་འཕེན་པའི་བྱ་འགུལ་ལ་མང་ཚོགས་མང་ཆེ་ཤོས་མ་ཞུགས་པས། འདེམ་ཤོག་འཕེན་ཚད་བརྒྱ་ཆའི་ཉེར་དྲུག་ལྷག་ཡིན་པ་དང་། དེ་ཉིས་སྟོང་བཅུ་གཅིག་ལོའི་གྲོས་ཁང་གི་འདེམ་བསྐོའི་འདེམ་ཤོག་འཕངས་ཚད་བརྒྱ་ཆའི་ང་བཞི་ལས་དམའ།

ལོ་གསུམ་ལ་གྲོས་ཁང་མེད་པའི་དུས་རིམ་བརྒྱུད་རྗེས། ཨེ་ཅིབ་ཀྱིས་ད་ལོའི་ལོ་མཇུག་ལ་གོ་གནས་ལྔ་བརྒྱ་གོ་དྲུག་ཡོད་པའི་གྲོས་ཁང་གདམ་ཐུབ་པའི་རེ་བ་ཧ་ཅང་ཆེ། ཐེངས་འདིའི་ཨེ་ཅིབ་ཀྱི་གྲོས་ཁང་འདེམ་བསྐོ་ནི་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བདུན་པར་སྔོན་ཆད་ཀྱི་ཙུང་ཐུང་མུའུ་ཨར་ཞི་ཡི་གོ་གནས་བླངས་རྗེས་ཨེ་ཅིབ་སྲིད་གཞུང་གིས་གཏན་འབེབས་བྱས་པའི་ཆབ་སྲིད་ལམ་ཕྱོགས་འཆར་གཞིའི་མཇུག་མཐའི་གོམ་སྟབས་ཤིག་རེད། དེའི་སྔོན་ལ་ཨེ་ཅིབ་ཀྱིས་རྩ་ཁྲིམས་གསར་བར་སྤྱི་དམངས་ཀྱིས་འདེམ་ཤོག་འཕེན་པ་དང་ཙུང་ཐུང་འདེམ་བསྐོ་བྱེད་པའི་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་པ་རེད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།