ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིང་བཤད་མི་འདོད་པའི་དབྱི་རག་གི་ཉེན་རྟོག་དཔོན་རིགས་ཤིག་གིས་ཚེས་ཉི་ཤུ་ཉིན་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། དབྱི་རག་གི་རྒྱལ་ས་པ་ཀི་ཏའི་ལྷོ་འདབས་ནས་ཉིན་དེར་འགས་གཏོར་འཇབ་རྒོལ་བྱུང་བ་དང་། འགས་གཏོར་ཁྲོད་ནས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་ཉེར་གཉིས་ལ་རྨས་ཕོག་ཟེར།

དཔོན་རིགས་དེས་བཤད་རྒྱུར། འགས་གཏོར་དོན་རྐྱེན་དེ་ནི་པ་ཀི་ཏའི་ལྷོ་འདབས་ཀྱི་ཧྲི་ཡེ་ཕྱོགས་ཁག་གི་ཆོས་ཁང་ཞིག་གི་ཉེ་འདབས་ནས་བྱུང་། ཉིན་དེའི་ཉིན་གུང་། ཉེ་འདབས་ཀྱི་སྡོད་དམངས་མང་བོ་ཕྱག་མཆོད་མཛད་སྒོར་ཞུགས་རྗེས་ཆོས་ཁང་ནས་ཕྱིར་འགྲོ་སྐབས། ཆོས་ཁང་ཕྱི་རོལ་གྱི་ལམ་འགྲམ་དུ་སྦས་པའི་འགད་རྫས་ཤིག་གློ་བུར་དུ་འགས་གཏོར་བྱུང་བ་དང་། དེའི་རྗེས་སུ་རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་བ་ཞིག་མི་ཚོགས་ཀྱི་ཁྲོད་དུ་མཆོངས་ནས་ལུས་སྟེང་གི་འགད་རྫས་འགས་གཏོར་བཏང་སྟེ། མི་མང་བོ་ཤི་རྨས་བཟོས་ཟེར།

ཉེན་རྟོག་དཔོན་པོ་དེས་བཤད་རྒྱུར། རྨས་མ་ཁ་ཤས་ཀྱི་རྨས་ཧ་ཅང་ལྗིད་པས། འདས་པོའི་གྲངས་ཀ་ད་དུང་ཇེ་མང་དུ་འགྲོ་སྲིད་པ་དང་། འགས་གཏོར་ཁྲོད་ནས་ད་དུང་ཉེ་འདབས་ཀྱི་ཁང་བ་དང་རླངས་འཁོར་མང་བོར་གཏོར་བརླགས་ཐེབས་ཟེར།

ཉིས་སྟོང་བཅུ་གསུམ་ལོའི་ལོ་མགོ་ནས་བཟུང་། དབྱི་རག་ནས་འཇིགས་སྐུལ་བྱ་འགུལ་དང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་བསྟུད་མར་བྱུང་ནས། བདེ་འཇགས་གནས་བབ་ཚབས་ཆེན་དུ་གྱུར། མཉམ་འབྲེལ་རྒྱལ་ཚོགས་དབྱི་རག་རོགས་སྐྱོབ་ཚོགས་པས་སྡོམ་རྩིས་བྱས་པ་ལྟར་ན། ཉིས་སྟོང་བཅུ་བཞི་ལོར་དབྱི་རག་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དང་དྲག་ཤུགས་འཁྲུག་རྩོད་སྣ་ཚོགས་ཁྲོད་ནས་བསྡོམས་པས་མི་སེར་ཁྲི་གཅིག་དང་སྟོང་གཉིས་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་སེར་ཁྲི་གཉིས་དང་སྟོང་གསུམ་བརྒྱ་དང་ཉེར་དྲུག་ལ་རྨས་ཕོག་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།