ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ལག་རོགས་ཝུའུ་ཧྲ་ཁོ་ཧྥུའུ་ཡིས་ཚེས་ཉི་ཤུ་ཉིན་གསར་འགྱུར་ལས་ཁུངས་ལ་བསྟན་དོན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཟླ་འདིའི་ཚེས་ཉེར་གསུམ་ཉིན་དབྱི་ལང་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པ་མ་ཟད། དབྱི་ལང་གི་རྒྱལ་ས་ཐེ་ཧེ་རན་ནས་བསྡུ་རྒྱུ་ཡིན་པའི་རང་བྱུང་སོལ་རླངས་ཕྱིར་གཏོང་རྒྱལ་ཁབ་ཀྱི་གླེང་སྟེགས་ཀྱི་མཐོ་རིམ་ཚོགས་འདུ་ཐེངས་གསུམ་པར་ཞུགས་རྒྱུ་ཡིན་ལ། འཚམས་འདྲིའི་སྐབས་སུ། ཕུའུ་ཅིན་གྱིས་དབྱི་ལང་གི་མགོ་ཁྲིད་པར་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བ་སོགས་ཀྱི་གནད་དོན་སྐོར་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།
ཝུའུ་ཧྲ་ཁོ་ཧྥུའུ་ཡིས་བཤད་རྒྱུར། ཉིན་རིམ་བཀོད་སྒྲིག་ལྟར་ན། ཕུའུ་ཅིན་གྱིས་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་དང་། དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མེ་ནེ་དབྱི་གཉིས་ལ་གྲོས་མོལ་བྱས་ཏེ། གཙོ་བོ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བ་དང་། སི་རི་ཡའི་ཉེན་ཚབས་ཐག་གཅོད་པ། དབྱི་ལང་ཉིང་རྡུལ་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་ཆོད་ཐུན་མོང་འགུལ་སྐྱོད་འཆར་གཞི་ཞེས་པ་ལག་བསྟར་བྱེད་པ་སོགས་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱེད་རྒྱུ་རེད་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ནས་ལོ་འཁོར་བརྒྱ་ལོན་པར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་བསྡུས།
རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲིན་ཧྲིན་གྱིས་ཕ་ཁི་སི་ཐན་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ལཱ་པ་ཉི་ལ་མཇལ་འཕྲད་གནང་།
ལིས་ཁི་ཆང་ཅི་ལུང་ཕོར་ཐོན་ནས་མཱ་ལེ་ཞི་ཡར་དངོས་གཞིའི་འཚམས་འདྲི་མཛད་མགོ་བརྩམས།
བོད་ཁུལ་གསར་འགྱུར།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་དབང་བོ་སྐྱོན་ཅན་བྱ་བའི་ཨུ་ཡོན་ལྷན་ཁང་གི་རྒྱ་བསྐྱེད་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཁང་གིས《མཚོ་སྔོན་ཞིང་ཆེན་གྱི་ཐུམ་འབུའི་ནད་འགོག་བཅོས་འཆར་གཞི》ཞེས་པ་དཔར་ནས་བཀྲམས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་མཚོ་བྱང་སོགས་སུ་སོང་ནས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་སྒྲོག་འགྲེལ་བྱས།
- རང་ལྗོངས་ཀྱི་སྨན་བཅོས་ཚན་པས་གཞི་རིམ་དུ་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ།
- བོད་སྐྱོང་ལྗོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་ལྔ་པའི་རུ་དཔོན་གསོ་སྦྱོང་འཛིན་གྲྭ་གཉེར་འགོ་ཚུགས་པ།
- སློབ་གསོ་ཚན་རྩལ་རིག་གནས་བཅས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བསམ་ཕྱོགས་ཞིབ་འཇུག་བཀོད་སྒྲིག་བྱས་པ།
- མ་ཁཱ་འདེབས་འཛུགས་ལས་ཕྱུག་འགྱུར་གྱི་ལམ་བུ་རྒྱ་ཆེར་གཏོད་པ།
- ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་ཚན་པས་གློག་སྒུལ་སྦག་སྦག་གི་ཟང་ཟིང་སྣང་ཚུལ་ལ་བཅོས་སྒྲིག་བྱས་པ།
- 2020ལོར་མེ་འཁོར་བསྡད་ནས་སེམས་ཀྱི་ཉི་ཟླར་འགྲོ་ཆོག