ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་སྲིད་དཔོན་པོའི་གྲོས་ཚོགས་སྟེང་ཚེས་ཉི་ཤུ་ཉིན་འཇིགས་སྐུལ་ངོ་རྒོལ་གྱི་བྱེད་ཐབས་གསར་བ་ཇེ་དྲག་ཏུ་གཏོང་རྒྱུའི་གྲོས་གཞི་བཏོན་པ་དང་། བྱེད་ཐབས་གསར་བའི་ནང་དུ་གནམ་གྲུར་འདུག་པའི་འགྲུལ་བའི་ཆ་འཕྲིན་བསྡུ་ལེན་བྱེད་པ་དང་། མེ་མདའི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ། མཐའ་མཚམས་ཀྱི་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་སོགས་འདུ།

ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱི་ནང་སྲིད་དཔོན་པོས་ཉིན་དེའི་དམིགས་བསལ་གྲོས་ཚོགས་སྟེང་ཡོ་རོབ་གླིང་མནའ་འབྲེལ་ཉིས་སྟོང་བཅོ་ལྔ་ལོའི་ལོ་མཇུག་བར་དུ་གནམ་གྲུར་སྡོད་པའི་འགྲུལ་བའི་རུས་མིང་གཞི་གྲངས་མ་ལག་ཅིག་འཛུགས་པའི་བཀའ་ཁྱབ་ལ་གྲོས་འཆམ་འབྱུང་རྒྱུའི་འབོད་སྐུལ་བཏང་། བཀའ་ཁྱབ་དེ་ལྟར་ན། གནམ་གྲུར་འདུག་པའི་འགྲུལ་བའི་རུས་མིང་གཞི་གྲངས་དེ་འཚོལ་བསྡུ་བྱས་ཏེ་ཁོངས་གཏོགས་རྒྱལ་ཁབ་ཀྱིས་འཇིགས་སྐུལ་ནག་ཉེས་བྱ་འགུལ་སྔོན་འགོག་བྱེད་པར་བཀོལ་རྒྱུ་རེད། གྲོས་ཚོགས་སྟེང་ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་བར་དུ་ཕར་འགྲོ་ཚུང་ཡོང་བྱེད་པའི་འགྲུལ་བ་ལས་གཞན། གཞི་གྲངས་མ་ལག་དེའི་ནང་དུ་ཡོ་རོབ་གླིང་མནའ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ནང་གི་གནམ་གྲུར་འདུག་པའི་འགྲུལ་བའི་ཆ་འཕྲིན་ཡང་འགོད་རྒྱུའི་གྲོས་གཞི་བཏོན།

མེ་མདའི་དོ་དམ་ཚོད་འཛིན་ཐད་ནས། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཁོངས་གཏོགས་རྒྱལ་ཁབ་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པའི་འབྲེལ་ཡོད་སྲིད་ཇུས་ལ་རྒྱབ་སྐྱོར་བྱས་པ་མ་ཟད། ཡོ་རོབ་གླིང་མནའ་འབྲེལ་གྱི་མཐའ་སྲུང་ལས་ཁུངས་དང་ཡོ་རོབ་གླིང་གི་ཉེས་དོན་ཉེན་རྟོག་རྩ་འཛུགས་ཀྱིས་པ་ཨར་ཀན་ནུབ་མ་ས་ཁུལ་གྱི་རྒྱལ་ཁབ་དག་ལ་གཞོགས་འདེགས་བྱས་ཏེ་མཐའ་མཚམས་ནས་མེ་མདའ་ལྐོག་འཚོང་བྱེད་པར་ཞིབ་བཤེར་ནན་མོ་བྱས་ནས། འཇིགས་སྐུལ་ངོ་རྒོལ་ཐད་ནས་མཉམ་ལས་བྱེད་དགོས་པའི་རེ་བ་བཏོན།

ཚོགས་འདུའི་རྗེས་སུ་སྤེལ་བའི་གསལ་སྒྲོག་ནང་དུ་བསྟན་དོན། ཡོ་རོབ་གླིང་མནའ་འབྲེལ་གྱི་རྒྱལ་ཁབ་དག་ཕྱི་ཕྱོགས་མཐའ་མཚམས་ཀྱི་ཚོད་འཛིན་ལ་ཤུགས་བསྣན་ཏེ། མཐའ་མཚམས་ནས་དགོས་ངེས་ཀྱི་མ་ལག་རང་བཞིན་གྱི་མཐུན་སྦྱོར་ཞིབ་བཤེར་མྱུར་དུ་ལག་བསྟར་བྱེད་པར་འཐད་པ་བྱུང་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།