ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཕན་ཅི་ཝུན་གྱིས་ཚེས་ཉི་ཤུ་ཉིན་མགྲིན་ཚབ་པ་བརྒྱུད་ནས་གསལ་སྒྲོག་སྤེལ་ཏེ། མ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་པ་མ་ཁོ་གྲོང་ཁྱེར་དཀྱིལ་དབུས་ཀྱི་ལིས་ཧྲིན་མགྲོན་ཁང་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་ལ་རྒོལ་གཏམ་བཏང་།
གསལ་སྒྲོག་ནང་དུ། ཕན་ཅི་ཝུན་གྱིས་འཇིགས་སྐུལ་འཇབ་རྒོལ་དེར་རྒོལ་གཏམ་བཏང་ཡོད་པ་དང་། མ་ལིའི་སྲིད་གཞུང་དང་འདས་པོའི་ཁྱིམ་མི་རྣམས་ལ་འཚམས་འདྲི་ཞུས་ཡོད།
ཕན་ཅི་ཝུན་གྱིས་ཐེངས་འདིའི་འཇབ་རྒོལ་ནི་མ་ལིའི་ཞི་བའི་འཕེལ་རིམ་ལ་གྲུབ་འབྲས་ཐོབ་སྐབས་བྱུང་བ་རེད་ཅེས་བཤད། ཁོས་ཞི་བདེ་དང་འགྲིག་མཐུན་གྲོས་ཆོད་ལ་གཏོར་བརླག་བྱེད་འདོད་པའི་བྱ་སྤྱོད་ཡོད་ཚད་ལ་རྒོལ་གཏམ་བཏང་བ་དང་། མ་ལིའི་དབང་འཛིན་ལས་ཁུངས་ཀྱིས་འཇིགས་སྐུལ་དང་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བར་འབད་བརྩོན་བྱས་པར་སྟོབས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།
མ་ལིའི་བྱང་ཕྱོགས་ས་ཁུལ་དུ་ཉེ་བའི་ལོ་འགའི་རིང་ལ་འཁྲུག་རྩོད་མཚམས་ཆད་མ་མྱོང་། ད་ལོའི་ཟླ་ལྔ་བའི་ཚེས་བཅོ་ལྔ་ཉིན། མ་ལི་སྲིད་གཞུང་དང་བྱང་ཕྱོགས་ཀྱི་དྲག་ཆས་རྩ་འཛུགས་ཁ་ཤས་ཀྱི་འཐུས་མིས་ཞི་བདེ་དང་འགྲིག་མཐུན་གྲོས་ཆོད་བཀོད་པ་དང་། ཟླ་དྲུག་པའི་ཚེས་ཉི་ཤུ་ཉིན། མ་ལིའི་ཕྱོགས་སོ་སོས་ཞི་བའི་མཇུག་མཐའི་ཞི་བའི་གྲོས་ཆོད་བཀོད། ཡིན་ན་ཡང་དྲག་ཤུགས་འཇབ་རྒོལ་དོན་རྐྱེན་ནི་དེའི་རྗེས་སུ་ཡང་མཚམས་ཆད་མེད། ད་ལོའི་ཟླ་བརྒྱད་པར། མ་ལིའི་དབུས་ཕྱོགས་ཀྱི་གྲོང་ཁྱེར་སའེ་ཝ་ལེ་ཡི་མགྲོན་ཁང་ཞིག་ལ་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་མ་ལི་ན་ཡོད་པའི་རིམ་པ་མང་བོའི་ཕྱོགས་བསྡུས་བརྟན་འཇགས་ཚོགས་པའི་མི་ལྔ་དང་མ་ལི་དམག་ཕྱོགས་ཀྱི་མི་འགའ་རྐྱེན་ལམ་དུ་ཤོར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ལིས་ཁི་ཆང་གིས་རྒྱ་གར་གྱི་ནང་སྲིད་དཔོན་པོར་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གཉིས་པ་བསྡུས།
ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
བོད་ཁུལ་གསར་འགྱུར།
- ཆི་ལིན་རྫོང་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་ལ་དཔྱད་འཇོག་བྱས།
- ཆི་ལེན་རྫོང་གིས་ཐེབས་རྩ་ཚོགས་པ་བཙུགས་ཏེ་བུད་མེད་དང་བྱིས་པར་བྱམས་བརྩེ་སྦྱིན་བཞིན་ཡོད།
- མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཏང་ཙུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བརྗེ་རེས་ཚོགས་འདུ་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས།
- བོད་ལྗོངས་ཀྱི་སྨན་བཅོས་སྡེ་ཁག་གིས་གཞི་རིམ་དུ་སྨན་བཅོས་བྱ་འགུལ་སྤེལ་བ།