ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཚེས་ཉི་ཤུ་ཉིན། མ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་པ་མ་ཁོའི་མགྲོན་ཁང་ཞིག་ལ་འཇབ་རྒོལ་ཐེབས་པ་དང་། མགྲོན་ཁང་དེས་བསྒྲགས་པའི་གསལ་སྒྲོག་ལྟར་ན། མི་ངན་གཉིས་ནས་བཅུ་ཙམ་གྱིས་མགྲོན་ཁང་ནང་གི་འགྲུལ་བ་བརྒྱ་དང་བཞི་བཅུ་དང་བྱ་བ་སྒྲུབ་མཁན་སུམ་ཅུ་སྟེ་བསྡོམས་པས་མི་བརྒྱ་དང་བདུན་ཅུ་གཏའ་མར་བཟུང་ཟེར། མིག་སྔར་མ་ལིའི་མགྲོན་ཁང་གི་མི་གཏའ་སྐོར་ཞིག་བདེ་བླག་ངང་བསྐྱབས་ཡོད།
མ་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱེད་རྒྱུར། ཀྲུང་གོའི་སྤྱི་དམངས་གསུམ་ཉིན་དེར་མ་ལིའི་རྒྱལ་ས་པ་མ་ཁོའི་ལིས་ཧྲིན་མགྲོན་ཁང་གི་འཇབ་རྒོལ་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། ཀྲུང་གོའི་སྤྱི་དམངས་གཞན་པ་བཞི་བདེ་བླག་ངང་བསྐྱབས་ཡོད་ཟེར།
མ་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གི་སྲིད་དོན་ཚན་ཙན་ཝང་དབྱི་ཡིས་བཤད་རྒྱུར། ཉིན་དེར་བསྡོམས་པས་ཀྲུང་གོའི་སྤྱི་དམངས་བདུན་མགྲོན་ཁང་དུ་ཡོད་པ་དང་། དེའི་ནང་གི་མི་གསུམ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་ལ། མི་བཞི་བདེ་བླག་ངང་བསྐྱབས་ཡོད། མིག་སྔར་བསྐྱབས་ཟིན་པའི་ཀྲུང་གོའི་སྤྱི་དམངས་བཞི་བོའི་གནས་ཚུལ་ཅུང་བཟང་བ་དང་བདེ་ལ་བབས་ཡོད་ཟེར།
ས་དེའི་ཚེས་ཉི་ཤུ་ཉིན་གྱི་ཞོགས་པའི་དུས་ཚོད་དྲུག་དང་ཕྱེད་ཀ་ནས་དུས་ཚོད་བདུན་ཡས་མས་བར་དུ། པ་མ་ཁོ་གྲོང་ཁྱེར་དཀྱིལ་དབུས་ཀྱི་ལིས་ཧྲིན་མགྲོན་ཁང་ལ་སུ་ཡིན་མི་ཤེས་པའི་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་པ་དང་། མགྲོན་ཁང་ནང་གི་འགྲུལ་བ་དང་བྱ་བ་སྒྲུབ་མཁན་བརྒྱ་དང་བདུན་ཅུ་གཏའ་མར་བཟུང་།
འཇབ་རྒོལ་དོན་རྐྱེན་བྱུང་རྗེས། མ་ལིའི་བདེ་འཇགས་དམག་དཔུང་མྱུར་དུ་དོན་རྐྱེན་བྱུང་སར་ཐོན་ནས་མྱུར་སྐྱོབ་བྱས་པ་དང་། ཧྥ་རན་སི་དང་ཨ་མེ་རི་ཁའི་དམིགས་བསལ་དམག་དཔུང་གིས་ཀྱང་མྱུར་སྐྱོབ་ཐད་རོགས་རམ་བྱས།
མ་ལིའི་བདེ་འཇགས་དམག་དཔུང་གིས་ཉིན་དེའི་དགོང་མོར་བསྒྲགས་པའི་གྲངས་ཀ་ལྟར་ན། ཉུང་མཐར་ཡང་མི་ཉེར་གཉིས་མགྲོན་ཁང་གི་འཇབ་རྒོལ་ཁྲོད་ནས་རྐྱེན་ལམ་དུ་ཤོར་ཟེར། མ་ལིའི་ནང་སྲིད་བདེ་འཇགས་ཁང་གི་དཔོན་པོ་ཐི་ལ་ཨོ་ལེ་ཡིས་ཉིན་དེའི་དགོང་མོར་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། འཇབ་རྒོལ་བ་ཚང་མ་བསད་པ་ཡིན་ལ། མ་ལིའི་བདེ་སྲུང་མི་སྣ་ཞིག་སྟབས་མ་ལེགས་པར་མྱུར་སྐྱོབ་འགུལ་སྐྱོད་ཁྲོད་ནས་རྐྱེན་ལམ་དུ་ཤོར་བ་དང་། མ་ལིའི་བདེ་སྲུང་མི་སྣ་འགའ་ལ་རྨས་ཕོག་ཟེར།
མི་རྣམས་གཏའ་མར་བཟུང་བའི་སྐབས་སུ། མགྲོན་ཁང་དེའི་དྲ་བ་མཚམས་མཚམས་སུ་ཆད་ལ། ཀྲུང་གོའི་སྤྱི་དམངས་ཀྱིས་རང་འགུལ་སྒོས་སྐད་འཕྲིན་ཚོགས་པ་བཙུགས་ཏེ་ཕྱི་ཕྱོགས་ལ་གནས་ཚུལ་བསྒྲགས། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། སྐད་འཕྲིན་ཚོགས་པའི་ནང་གི་ཀྲུང་གོའི་སྤྱི་དམངས་བཞི་བོ་ལས་གཞན། སྐབས་དེར་མགྲོན་ཁང་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་གསུམ་པོ་གར་སོང་མ་ཤེས་ལ། མྱུར་སྐྱོབ་འགུལ་སྐྱོད་མཇུག་རྫོགས་རྗེས། མ་ལི་རུ་སྡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་གིས་ཀྲུང་གོ་སྤྱི་དམངས་དེ་གསུམ་པོ་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་གནས་ཚུལ་བསྒྲགས་ཟེར།
འཇབ་རྒོལ་དོན་རྐྱེན་བྱུང་རྗེས། འཇིགས་སྐུལ་རྩ་འཛུགས་ན་སའེ་ཨར་རིང་ལུགས་རང་བཙན་ལས་འགུལ་ཞེས་པ་དེས་འཇབ་རྒོལ་དོན་རྐྱེན་དེ་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས།
ན་སའེ་ཨར་རིང་ལུགས་རང་བཙན་ལས་འགུལ་ཞེས་པའི་རྩ་འཛུགས་དེས་མ་ལི་ནས་ཐེངས་མང་བོར་འཇིགས་སྐུལ་འཇབ་རྒོལ་སྤེལ་མྱོང་། ད་ལོའི་ཟླ་གསུམ་པའི་ཚེས་བདུན་ཉིན། པ་མ་ཁོའི་ཟ་ཁང་ཞིག་ནས་བྱུང་བའི་འཇབ་རྒོལ་དོན་རྐྱེན་ཡང་རྩ་འཛུགས་དེས་བཟོས་པ་ཡིན་ལ། འཇབ་རྒོལ་དེའི་ཁྲོད་ནས་ཉུང་མཐར་ཡང་མི་ལྔ་རྐྱེན་ལམ་དུ་ཤོར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།
ལིས་ཁི་ཆང་གིས་རྒྱ་གར་གྱི་ནང་སྲིད་དཔོན་པོར་མཇལ་འཕྲད་གནང་།
རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་གཟའ་འཁོར་གཉིས་ཀྱི་བཞུགས་མོལ་ཚོགས་འདུ་ཐེངས་ཞེ་གཉིས་པ་བསྡུས།
ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
བོད་ཁུལ་གསར་འགྱུར།
- ཆི་ལིན་རྫོང་གིས་རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་འཕེལ་རྒྱས་རྒྱུ་སྤུས་ལ་དཔྱད་འཇོག་བྱས།
- ཆི་ལེན་རྫོང་གིས་ཐེབས་རྩ་ཚོགས་པ་བཙུགས་ཏེ་བུད་མེད་དང་བྱིས་པར་བྱམས་བརྩེ་སྦྱིན་བཞིན་ཡོད།
- མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ཏང་ཙུའུ་ཡིས་གཟབ་ནན་གསུམ་དང་དོན་དམ་གསུམ་གྱི་ཆེད་དོན་སློབ་གསོའི་སློབ་སྦྱོང་བརྗེ་རེས་ཚོགས་འདུ་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱུན་ལས་གྲོས་ཚོགས་བསྡུས།
- མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་སྲིད་བསྡུ་དབང་གཏོང་སྐོར་ནས་བརྙན་རིས་གྲོས་ཚོགས་བསྡུས།
- ཟི་ལིང་གྲོང་ཁྱེར་གྱི་སྨན་བཅོས་འཕྲོད་བསྟེན་བདེ་ཐང་ལས་དོན་དང་སྤྱི་ཚོགས་སྟོབས་ཤུགས་ཞུགས་པའི་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་གྱི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁྲི་ལམ་ལུགས་ལག་བསྟར་བྱེད་པ་དང་སྐར་ལྔའི་རིམ་པའི་དཔལ་ཡོན་ཁྱིམ་ཚང་འཛུགས་སྐྲུན་བྱེད་པའི་བྱ་བའི་སྐུལ་སློང་གྲོས་ཚོགས་ཟི་ལིང་ནས་ཚོགས།
- བོད་ལྗོངས་ཀྱི་སྨན་བཅོས་སྡེ་ཁག་གིས་གཞི་རིམ་དུ་སྨན་བཅོས་བྱ་འགུལ་སྤེལ་བ།