ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་བྲང་དཀར་པོས་ས་དེའི་ཚེས་ཉི་ཤུ་ཉིན་བསྟན་དོན། ཨ་མེ་རི་ཁས་མ་ལི་རྒྱལ་ཁབ་ཀྱི་རྒྱལ་ས་པ་མ་ཁོ་གྲོང་ཁྱེར་གྱི་ལིས་ཧྲིན་མགྲོན་ཁང་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་རྒོལ་གཏམ་ཧ་ཅང་དྲག་པོ་བཏང་བ་མ་ཟད། མ་ལི་ལ་དོན་རྐྱེན་དེར་རྩད་གཅོད་བྱེད་རོགས་བྱེད་རྒྱུ་ཡིན་ཟེར། ཕོ་བྲང་དཀར་པོའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་མགྲིན་ཚབ་པ་ཕུའུ་ལའེ་སི་ཡིས་ཉིན་དེར་གསལ་སྒྲོག་སྤེལ་ནས་གོང་གི་སྐད་ཆ་དེ་བཤད་པ་དང་། ཁོས་ཕོ་བྲང་དཀར་པོས་མ་ལི་ན་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་ཡོངས་ཀྱི་འདུག་གནས་ཞིབ་ཅིང་ཕྲ་བ་གཏན་ཁེལ་བྱེད་བཞིན་ཡོད་ཅེས་བཤད།

ཕུའུ་ལའེ་སི་ཡིས་བཤད་རྒྱུར། ཨ་མེ་རི་ཁས་འདས་པོའི་ཁྱིམ་མི་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ལ། ང་ཚོའི་སེམས་ནི་རྨས་མ་རྣམས་ཀྱི་སེམས་དང་མཉམ་དུ་སྦྲེལ་ཡོད་ལ། ཁོ་ཚོའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད། མ་ལི་དང་ཧྥ་རན་སི། མཉམ་འབྲེལ་རྒྱལ་ཚོགས། ཨ་མེ་རི་ཁ་བཅས་ཀྱི་བདེ་སྲུང་མི་སྣས་ཡུལ་དངོས་ཀྱི་གནས་ཚུལ་མྱུར་དུ་ཐག་བཅད་དེ་ཤི་རྨས་སྔར་ལས་ཆེན་པོ་འབྱུང་དུ་མ་བཅུག་པས། ཨ་མེ་རི་ཁས་ཁོ་ཚོའི་ཞུམ་པ་མེད་པའི་སྤོབས་སེམས་ལ་གུས་འདུད་ཞུས་པ་ཡིན། ཨ་མེ་རི་ཁས་མུ་མཐུད་དུ་མ་ལི་སྲིད་གཞུང་དང་ས་ཁུལ་གྱི་ཕྱོགས་སོ་སོར་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ཁ་གཏད་འཇལ་རྒྱུ་ཡིན་པ་མ་ཟད། མ་ལི་ཕྱོགས་ལ་གཞོགས་འདེགས་བྱས་ཏེ་སྐྱོ་གར་རང་བཞིན་གྱི་འཇིགས་སྐུལ་དོན་རྐྱེན་དེར་རྩད་གཅོད་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པ་ཁོ་པེ་ཡིས་ཉིན་དེར་བཤད་རྒྱུར། མ་ལི་རུ་སྡོད་པའི་ཨ་མེ་རི་ཁའི་གཞུང་ཚབ་ཁང་གིས་མ་ལི་ན་ཡོད་པའི་ཨ་མེ་རི་ཁའི་སྤྱི་དམངས་ཕྱི་ཕྱོགས་སུ་འགྲོ་ཚད་ཇེ་ཉུང་དུ་བཏང་ནས། མཐའ་འཁོར་གྱི་ཁོར་ཡུག་གི་འགྱུར་ལྡོག་ལ་དོ་སྣང་ཟབ་མོ་བྱེད་རྒྱུ་མ་ཟད། ས་དེའི་གསར་འགྱུར་ལས་ཁུངས་དང་སྲིད་གཞུང་སྡེ་ཁག་བརྒྱུད་དེ་དུས་ལྟར་ཆ་འཕྲིན་ལ་རྒྱུས་ལོན་བྱེད་རྒྱུའི་གསལ་འདེབས་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།