ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་དགུ་ཉིན་ཀྲུང་གོ་དང་ནོར་ཝེ་རྒྱལ་ཁབ་ཀྱི་སྤྱི་དམངས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་དམར་གསོད་བཏང་བའི་ཐད་ནས་གསར་འགྱུར་གསལ་སྒྲོག་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེར་རྒོལ་གཏམ་ཧ་ཅང་དྲག་པོ་བཏང་།
གསར་འགྱུར་གསལ་སྒྲོག་ནང་དུ་བཤད་རྒྱུར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཀྲུང་གོའི་སྤྱི་དམངས་ཧྥན་ཅིང་ཧོས་ཟེར་བ་དེ་དང་ནོར་ཝེ་རྒྱལ་ཁབ་ཀྱི་སྤྱི་དམངས་ཨོ་ཧྥུའུ་སི་ཐ་ཟེར་བ་དེ་གཉིས་དམར་གསོད་བཏང་བའི་སྐྱུག་བྲོ་ཞིང་ཡ་ང་བའི་བྱ་སྤྱོད་དེར་རྒོལ་གཏམ་ཧ་ཅང་དྲག་པོ་བཏང་བ་ཡིན་ལ། ནག་ཉེས་དེ་དག་གིས་ཡང་བསྐྱར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་དེའི་གདུག་རྩུབ་མཚོན་ཡོད། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འདས་པོའི་ཁྱིམ་མི་དང་། ཀྲུང་གོ་སྲིད་གཞུང་། ནོར་ཝེ་སྲིད་གཞུང་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས་པ་ཡིན་ཟེར།
བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དོན་རྐྱེན་སློང་མཁན་ངེས་པར་དུ་ཁྲིམས་ལ་སྦྱོར་རྒྱུ་ཡིན་ཞེས་ནན་གྱིས་བསྟན་པ་དང་། རྒྱལ་ཁབ་སོ་སོས་དེའི་ཐད་ནས་ཀྲུང་གོ་དང་ནོར་ཝེ་སྲིད་གཞུང་སོགས་ལ་མཉམ་ལས་དམ་པོ་བྱེད་དགོས་པའི་འབོད་སྐུལ་བཏང་། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཀྱིས་འཛམ་གླིང་གི་རྒྱལ་ཁབ་སོའི་མི་དམངས་ལ་ནག་ཉེས་ཚབས་ཆེན་བཟོས་ཡོད་པ་དང་། རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་ལ་འཇིགས་སྣང་ཚབས་ཆེན་བཟོ་བཞིན་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དགོས་ངེས་ཀྱི་འགུལ་སྐྱོད་ཡོད་ཚད་སྤེལ་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་ཞེས་བསྐྱར་སྒྲོག་བྱས།
མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱི་ཡིས་དེའི་ཐད་ནས་གསར་འགྱུར་ལས་ཁུངས་ལ་གཏམ་བཤད་སྤེལ་སྐབས་བཤད་རྒྱུར། ཀྲུང་གོའི་མི་གཏའ་དམར་གསོད་བྱས་རྗེས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་མྱུར་དུ་འཇིགས་སྐུལ་རྩ་འཛུགས་ཀྱིས་མི་གཏའ་དམར་གསོད་བྱས་པའི་རྩུབ་སྤྱོད་དེར་རྒོལ་གཏམ་ཆེས་དྲག་པོ་བཏང་བ་མ་ཟད། རྒྱལ་ཁབ་སོ་སོས་ཀྲུང་གོའི་སྲིད་གཞུང་སོགས་ལ་མཉམ་ལས་ཆེན་པོ་བྱེད་དགོས་པའི་འབོད་སྐུལ་བཏང་། འདིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དང་ཐ་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱི་ཐུན་མོང་གི་ལྟ་བ་མཚོན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ཐམས་ཅད་ལ་མཉམ་དུ་ཆམ་ཕབ་གཏོང་བའི་ཆོད་སེམས་བརྟན་པོ་མཚོན་ཡོད་ཟེར། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་འཇིགས་སྐུལ་རིང་ལུགས་ནི་མིའི་རིགས་ཀྱི་སྤྱི་དགྲ་ཡིན་ལ། འཇིགས་སྐུལ་བྱ་སྤྱོད་ཅི་ཞིག་ཡིན་རུང་། དམིགས་ཡུལ་ཅི་འདྲ་ཡིན་ལ་དུས་སྐབས་ཅི་ཞིག་ཡིན་པ་དང་། ས་གནས་གང་ཞིག་ཡིན་ཞིང་མི་སུ་ཞིག་གིས་ལག་བསྟར་བྱས་རུང་། ཚང་མ་ནག་ཉེས་ཚབས་ཆེན་ཡིན་ཞེས་ནན་གྱིས་བསྟན་ཡོད། ཀྲུང་གོས་རྣམ་པ་ཡོད་ཚད་ཀྱི་འཇིགས་སྐུལ་རིང་ལུགས་ལ་ངོ་རྒོལ་མཐའ་འཁྱོལ་བྱེད་པ་དང་། རྒྱལ་སྤྱིའི་མཉམ་ལས་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། མིའི་རིགས་ཀྱི་ཤེས་རིག་གི་ཚད་མཐའ་ལ་འགྲན་རྩོད་སློང་བའི་དྲག་ཤུགས་འཇིགས་སྐུལ་རིང་ལུགས་ཀྱི་ནག་ཉེས་ལ་མཐའ་གཅིག་ཏུ་ཆམ་ཕབ་གཏོང་བ་ཡིན་ཟེར། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- དཔལ་མགོན་རྫོང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་བརྒྱབ་པ།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྨར་ཁམས་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྒྱུད་རིམ་ཡོད་པའི་ངང་སྐུལ་འདེད་བཏང་བ།
- ནག་ཆུ་ས་ཁུལ་གྱིས 2015ལོའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱས་པ།
- ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།