ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་རི་སི་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པ་བྱུང་རྗེས། རྒྱལ་ཁབ་སོ་སོས་གཅིག་རྗེས་གཉིས་མཐུད་དུ་བྱེད་ཐབས་སྤྱད་དེ། རྒྱལ་ནང་གི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་ཤུགས་དང་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་ཤུགས་ཇེ་ཆེར་བཏང་། ཧྥ་རན་སིའི་གྲོས་ཁང་ཚེས་བཅུ་དགུ་ཉིན་རྒྱལ་ཁབ་དེའི་ཛ་དྲག་གི་གནས་བབ་ཟླ་གསུམ་གྱིས་ཇེ་རིང་ལ་གཏོང་རྒྱུར་གྲོས་འཆམ་བྱུང་། ཧྥ་རན་སིའི་ཁྱིམ་མཚེས་རྒྱལ་ཁབ་པི་ལི་ཧྲི་ནས། ཉེན་རྟོག་ཕྱོགས་ཀྱིས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་གྱི་དོགས་ཡོད་ཉེས་ཅན་དང་འབྲེལ་བ་ཡོད་པའི་ས་གནས་ནས་འགུལ་སྐྱོད་སྤེལ། དེ་དང་མཉམ་དུ། ཨུ་རུ་སི་དང་ནུབ་ཕྱོགས་ཀྱི་རྒྱལ་ཁབ་སོ་སོས་སི་རི་ཡའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་ཤུགས་ཇེ་ཆེར་བཏང་།

ཨུ་རུ་སིའི་དམག་ཕྱོགས་ཀྱིས་ཀྱང་ཉེ་སྔོན་བཤད་རྒྱུར། ཧྥ་རན་སི་དང་མཉམ་དུ་འཇིགས་སྐུལ་ངོ་རྒོལ་འཆར་གཞི་ལག་བསྟར་བྱེད་རྒྱུ་ཡིན་ལ། ཏའེ་ཀའོ་ལི་ཞེས་པའི་མ་གྲུ་སི་རི་ཡའི་མཚོ་འགྲམ་དུ་ཐོན་རྗེས། ཨུ་རུ་སི་དང་ཧྥ་རན་སིས་མཉམ་འབྲེལ་དམག་དོན་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཟེར།

ཨུ་རུ་སིའི་དམག་ཕྱོགས་ཀྱིས་ད་དུང་བཤད་རྒྱུར། ཨུ་རུ་སིའི་དམག་དཔུང་གི་འཐབ་འཛིང་གནམ་གྲུས་ཚེས་བཅོ་བརྒྱད་ཉིན་སི་རི་ཡའི་ས་ཆ་མང་བོ་ནས་མུ་མཐུད་དུ་གཞི་ཁྱོན་ཆེན་པོའི་བར་སྣང་འཇབ་རྒོལ་སྤེལ་ཏེ། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་བཀོད་འདོམས་ཁང་གསུམ་དང་། མཚོན་ཆའི་མཛོད་ཁང་གཉིས། དྲག་ཆས་མི་སྣའི་སྒར་ས་གཅིག་བཅས་རྩ་གཏོར་བཏང་བ་ཡིན་ལ། ཨུ་རུ་སིའི་མཁའ་དམག་གིས་ཉིན་འགའི་རིང་ལ་ད་དུང་སྣུམ་འདྲེན་རླངས་འཁོར་ལྔ་བརྒྱ་རྩ་གཏོར་བཏང་བ་ཡིན་ཟེར།

ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་ཁ་ཐི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་གྱིས་ཨ་མེ་རི་ཁས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ཕམ་པར་རྒྱག་པའི་ཆོད་སེམས་ཇེ་ཆེར་བཏང་ཟེར། ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྱང་ཉིན་དེར་སོ་མ་ལེའི་ན་གཞོན་ཏང་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་མགོ་བ་གཙོ་བོ་བདུན་འཛིན་བཟུང་བྱས་ན་ཨ་སྒོར་བྱེ་བ་གསུམ་དང་ས་ཡ་གཉིས་ཀྱི་བྱ་དགའ་སྟེར་རྒྱུ་ཡིན་ཞེས་བསྒྲགས།

ཨོ་སི་ཁྲུ་ལི་ཡའི་སྤྱི་ཁྱབ་ཞིབ་དཔྱོད་དཔོན་པོ་པུའུ་ལན་ཏེ་སི་ཡིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཨོ་སི་ཁྲུ་ལི་ཡ་ཡང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇབ་རྒོལ་བྱེད་པའི་དམིགས་འབེན་དུ་ཚུད་ཡོད་པས། ཨོ་སི་ཁྲུ་ལི་ཡས་བྱེད་ཐབས་ཡོད་ཚད་སྤྱད་དེ་ང་ཚོའི་ཤེས་རིག་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར།

ཀི་ལུའུ་ཅི་ཡའི་སྲིད་གཞུང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་རྒྱུར། མཐའ་མཚམས་ཀྱི་ལྟ་ཞིབ་ཚོད་འཛིན་ལ་ཤུགས་སྣོན་རྒྱུ་ཡིན་པ་མ་ཟད། སྤྱི་པའི་རྨང་གཞིའི་སྒྲིག་ཆས་གལ་ཆེན་གྱི་བདེ་འཇགས་འགན་སྲུང་ཤུགས་ཚད་ཇེ་ཆེར་བཏང་ནས། དོགས་ཡོད་ཉེས་ཅན་ཀི་ལུའུ་ཅི་ཡ་བརྒྱུད་དུ་སི་རི་ཡ་ལ་འགྲོ་བར་བཀག་འགོག་བྱེད་རྒྱུ་ཡིན་ཟེར།

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་བཅུ་བདུན་ཉིན་རྒྱལ་ཁབ་བདེ་འཇགས་འགན་སྲུང་གྲོས་ཚོགས་སྟེང་གསང་འཕྲིན་འཚོལ་བསྡུ་དང་མཐའ་མཚམས་ཀྱི་ཞིབ་བཤེར་ལ་ཤུགས་བསྣན་ཏེ། འབྲེལ་ཡོད་རྒྱལ་ཁབ་བར་དུ་ཆ་འཕྲིན་མཉམ་སྤྱོད་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།