ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སི་དང་ཧྥ་རན་སིའི་འཐུས་མིས་ཚེས་བཅོ་བརྒྱད་ཉིན་བཤད་རྒྱུར། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་རང་སོ་སོའི་གྲོས་ཆོད་རེ་སྤྲད་དེ། རྒྱལ་སྤྱིའི་མཉམ་ལས་འཚོལ་ཞིབ་བྱས་ནས། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་འཇིགས་སྐུལ་རིང་ལུགས་གཞན་པར་ཆམ་ཕབ་གཏོང་རྒྱུའི་རེ་བ་བཏོན་པ་ཡིན་ཟེར།

ཨུ་རུ་སི་ཕྱོགས་ཀྱི་འཐུས་མི་ཆུག་ཨར་ཅིན་གྱིས་གསར་འགོད་པར་བཤད་རྒྱུར། ཨུ་རུ་སི་ཡིས་ད་ལོའི་ཟླ་དགུ་བའི་ཟླ་མཇུག་ཏུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་གྲོས་ཆོད་ཅིག་སྤྲད་པ་ཡིན་མོད། ཡིན་ན་ཡང་ཉེ་སྔོན་བྱུང་བའི་ཕ་རི་སི་དང་ཞི་ནའེ་ཕྱེད་གླིང་ནས་བྱུང་བའི་སྐྱོ་གར་ལ་དམིགས་ནས། ཨུ་རུ་སིས་གྲོས་ཆོད་དེ་ལ་བཟོ་བཅོས་བྱས་རྗེས་ཡང་བསྐྱར་བདེ་འཇགས་ལས་འཛིན་ལྷན་ཚོགས་ལ་སྤྲོད་རྒྱུ་ཡིན་ཟེར།

ཁོའི་བཤད་ཚུལ་ལྟར་ན། བཟོ་བཅོས་བྱས་རྗེས་ཀྱི་གྲོས་ཆོད་ཀྱི་ནང་དོན་གཙོ་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུ་དེ་ཡིན་པ་མ་ཟད། ཧྥ་རན་སི་ཕྱོགས་ཀྱི་ཁེ་ཕན་ལ་གཟིགས་སྐྱོང་བྱེད་ཅི་ཐུབ་བྱས་ཡོད་ཟེར།

ཧྥ་རན་སི་ཕྱོགས་ཀྱི་འཐུས་མི་ཏི་ལ་ཐི་ཡིས་ཉིན་དེར་བཤད་རྒྱུར། ཧྥ་རན་སིས་ང་ཚོ་ཐུན་མོང་གི་དགྲ་བོ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་གྲོས་ཆོད་འཆར་ཟིན་ཞིག་གྲ་སྒྲིག་བྱེད་བཞིན་ཡོད་ཟེར།

ཏི་ལ་ཐི་ཡིས་བཤད་རྒྱུར། ཧྥ་རན་སི་ཕྱོགས་ཀྱིས་ཨུ་རུ་སིའི་གྲོས་ཆོད་འཆར་ཟིན་ལ་ཞིབ་འཇུག་ཞིབ་མོ་བྱས་རྗེས། ཧྥ་རན་སིའི་གྲོས་ཆོད་འཆར་ཟིན་གྱི་ནང་དོན་ལ་གང་དག་འགོད་རྒྱུ་གཏན་ཁེལ་བྱེད་རྒྱུ་ཡིན་ཟེར།

གྲོས་ཆོད་འཆར་ཟིན་ཞིག་གི་ནང་དུ། ཨུ་རུ་སིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་བརྩི་བཀུར་བྱེད་པའི་རྨང་གཞིའི་སྟེང་། ལག་རྡང་མཉམ་སྦྲེལ་གྱིས་འཇིགས་སྐུལ་སྟོབས་ཤུགས་ལ་ཆམ་ཕབ་གཏོང་རྒྱུའི་འབོད་སྐུལ་བཏང་ན་ཡང་། ཨ་མེ་རི་ཁ་དང་དབྱིན་ཇི། ཧྥ་རན་སི་སོགས་ཀྱི་ངོ་རྒོལ་ཐེབས། བཟོ་བཅོས་བྱས་རྗེས་ཀྱི་གྲོས་ཆོད་འཆར་ཟིན་ནང་དུ། ཨུ་རུ་སིས་སི་རི་ཡའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་ན། སྔོན་ལ་སི་རི་ཡའི་སྲིད་གཞུང་འཐད་པ་འབྱུང་དགོས་པར་འདོད་ཡོད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།