ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་གཏན་ཁེལ་བྱས་པ་ལྟར་ན། ཚེས་བཅུ་གསུམ་ཉིན་བྱུང་བའི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་ཇུས་འགོད་བྱེད་མཁན། པི་ལི་ཧྲིའི་མི་ཨ་པ་ཝུའུ་ཏི་ཟེར་བ་དེ་སྔོན་ཉིན་མོའི་སྐོར་བཅོམ་འགུལ་སྐྱོད་ཁྲོད་ནས་བསད་ཟེར།
ཧྥ་རན་སིའི་གསར་འགྱུར་ཁང་གིས་བསྒྲགས་རྒྱུར། ཕ་རི་སིའི་ཞིབ་དཔྱོད་ཁང་གིས་ཚེས་བཅུ་དགུ་ཉིན་གསལ་སྒྲོག་སྤེལ་ནས། དངོས་སུ་ཨ་པ་ཝུའུ་ཏི་ཤི་ཟིན་པ་གཏན་ཁེལ་བྱས། ཧྥ་རན་སིའི་དམིགས་བསལ་དམག་དཔུང་གིས་ཚེས་བཅོ་བརྒྱད་ཉིན་ཕ་རི་སིའི་ཉེ་འདབས་ཀྱི་ཧྲིན་ཏི་ཉི་གྲོང་ཁྱེར་ནས་འཇིགས་སྐུལ་ངོ་རྒོལ་གྱི་འཇབ་རྒོལ་སྤེལ་ལ། འཇབ་རྒོལ་ཁྲོད་ནས་མི་གཉིས་ཤི་བ་དང་མི་བརྒྱད་འཛིན་བཟུང་བྱས། འགུལ་སྐྱོད་མཇུག་རྫོགས་རྗེས། ཧྥ་རན་སི་ཕྱོགས་ཀྱིས་ཨ་པ་ཝུའུ་ཏི་ཡི་མཛུབ་རིས་སོགས་ལུས་ཀྱི་ཁྱད་ཆོས་ལ་དབྱེ་ཞིབ་བྱས་ཟེར། ཨ་མེ་རི་ཁའི་ཝ་ཧྲིན་ཏོན་སྦྲགས་སྲིད་ཚགས་པར་སྟེང་ཚེས་བཅོ་བརྒྱད་ཉིན་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔོན་རིགས་ཤིག་གི་སྐད་ཆ་དྲངས་པ་ལྟར་ན། ཁོ་ཚོར་ཧྥ་རན་སི་སྲིད་གཞུང་ནས་ཨ་པ་ཝུའུ་ཏི་ཤི་བའི་བརྡ་གསལ་བོ་འབྱོར་སོང་ཟེར། གསང་འཕྲིན་ནང་དུ་ཨ་པ་ཝུའུ་ཏི་མེ་མདས་བརྒྱབ་སྟེ་བསད་པ་དང་། ཡང་ན་རང་སྲོག་བཅད་པ། ཡང་ན་བུད་མེད་དོགས་ཡོད་ཉེས་ཅན་ཞིག་གིས་ལུས་ལ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བ་ལས་ཤི་བ་སོགས་ཀྱི་གནས་ཚུལ་ཞིབ་མོར་བཀོད་མེད། ཡིན་ན་ཡང་ཧྥ་རན་སི་ཕྱོགས་ཀྱིས་ཚེས་བཅུ་དགུ་ཉིན་གྱི་ཕྱི་དྲོར་ད་གཟོད་གནས་ཚུལ་དེ་དངོས་སུ་ཕྱིར་བསྒྲགས་པ་རེད།
ཧྥ་རན་སིའི་ཙུང་ལི་ཝ་ཨར་སི་ཡིས་ཚེས་བཅུ་དགུ་ཉིན་ཨ་པ་ཝུའུ་ཏི་ཤི་བར་དགའ་བསུ་ཞུས་པ་དང་། ཁོས་ཇུས་འགོད་པ་དེའི་ཆ་འཕྲིན་གསལ་འབྱེད་བྱེད་སྐབས། ང་ཚོས་ངེས་པར་དུ་གཟབ་ནན་བྱེད་དགོས་ཞེས་བཤད།
ཝ་ཨར་སི་ཡིས་ཚེས་བཅུ་དགུ་ཉིན་གྱི་སྔ་དྲོར་ཧྥ་རན་སིའི་གྲོས་ཁང་ནས་ཧྥ་རན་སི་ལ་འཇིགས་སྐུལ་རྩ་འཛུགས་ཀྱི་རྫས་འགྱུར་དང་ནད་དུག་གི་མཚོན་ཆའི་འཇབ་རྒོལ་ཐེབས་སྲིད་ཅེས་བཤད། ཝ་ཨར་སི་ཡིས་བཤད་རྒྱུར། ཧྥ་རན་སི་ད་ལྟ་འཐབ་འཁྲུག་གི་སྣང་ཚུལ་ལ་འཕྲད་ཡོད་པས། ང་ཚོས་བྱེད་ཐབས་ཡོད་ཚད་སྤྱད་ནས་འཇབ་རྒོལ་གང་རུང་འབྱུང་བར་སྔོན་འགོག་བྱེད་དགོས། ཧྥ་རན་སི་ལ་རྫས་འགྱུར་མཚོན་ཆ་དང་ཡང་ན་ནད་དུག་མཚོན་ཆའི་འཇབ་རྒོལ་ཐེབས་པའི་ཉེན་ཁ་ཡང་ཡོད་པ་ང་ཚོས་གསལ་བོར་ཤེས་ཡོད་ཟེར། ཝ་ཨར་སི་ཡིས་བཤད་པ་ལྟར་ན། ཧྥ་རན་སིའི་འཕྲོད་བསྟེན་སྡེ་ཁག་ལ་དུག་སེལ་གྱི་སྨན་ལས་ཆོག་པའི་དབང་ཆ་ཐོབ་ཡོད་ལ། དམག་ཕྱོགས་ཀྱིས་རྫས་འགྱུར་མཚོན་ཆའི་དུག་སེལ་སྨན་མང་བོ་ཉོས་ནས་གསོག་འཇོག་བྱས་ཡོད་ཟེར། ཝ་ཨར་སི་ཡིས་གཏམ་བཤད་ཚར་རྗེས། ཧྥ་རན་སིའི་གྲོས་ཁང་གིས་འདེམ་ཤོག་འཕངས་ཏེ་རྒྱལ་ཡོངས་ཀྱི་ཛ་དྲག་གནས་བབ་དེ་ཟླ་གསུམ་གྱིས་ཇེ་རིང་ལ་གཏོང་བའི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་མ་ཟད། ཧྥ་རན་སིའི་སྲིད་གཞུང་ལ་ཛ་དྲག་ཆེ་བའི་སྐབས་སུ་དྲ་རྒྱ་དང་སྤྱི་ཚོགས་སྨྱན་བྱེད་ཀྱི་སྒོ་རྒྱག་ཆོག་པའི་དབང་ཆ་གནང་།
ཨ་མེ་རི་ཁའི་སྐུད་ཡོད་བརྙན་འཕྲིན་གསར་འགྱུར་དྲ་བས་བསྒྲགས་པའི་གནས་ཚུལ་ལྟར་ན། པི་ལི་ཧྲིའི་ཞིབ་དཔྱོད་ཁང་གིས་ཚེས་བཅུ་དགུ་ཉིན་བཤད་རྒྱུར། རྒྱལ་ཁབ་དེས་ཉིན་དེར་པུའུ་ལུའུ་སེར་ཉེ་འདབས་ནས་འགུལ་སྐྱོད་ཐེངས་དྲུག་ལ་སྤེལ་བ་དང་། གཞི་ཁྱོན་ཆེ་བའི་འགུལ་སྐྱོད་དེའི་དམིགས་འབེན་ནི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་ཁྲོད་ནས་ལུས་ལ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བའི་འཇབ་རྒོལ་བ་ཧའོ་ཏི་ཧྥེ་དང་འབྲེལ་བ་ཡོད་པའི་དོགས་ཡོད་མི་སྣ་སྟེ་ཁོའི་ཁྱིམ་མི་དང་གྲོགས་པོ་སོགས་ཡིན་ཟེར། དབྱིན་ཇིའི་རྒྱལ་སྒྲོག་ཀུང་ཟིས་བསྒྲགས་པ་ལྟར་ན། པི་ལི་ཧྲིས་ཉིན་དེར་ད་དུང་བྲོས་བྱོལ་བྱེད་བཞིན་པའི་དོགས་ཡོད་ཉེས་ཅན་གཙོ་བོ་ས་ལ་མུའུ་ཟེར་བ་དེར་དམིགས་ཏེ་པུའུ་ལུའུ་སེར་གྲོང་ཁྱེར་གྱི་ལ་ཁིན་ས་ཁུལ་ནས་འགུལ་སྐྱོད་སྤེལ་བ་དང་། མི་གཅིག་འཛིན་བཟུང་བྱས་ཏེ་འདྲི་གཅོད་བྱས་ཟེར།
ཧྥ་རན་སིའི་རྒྱལ་ས་ཕ་རི་སི་ནས་ཚེས་བཅུ་གསུམ་ཉིན་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་མང་བོ་བྱུང་ནས། ཉུང་མཐར་ཡང་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་ལྷག་ལ་རྨས་ཕོག ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེས་འཇབ་རྒོལ་དོན་རྐྱེན་དེ་དག་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
བོད་ཁུལ་གསར་འགྱུར།
- ལྷ་ས་གྲོང་ཁྱེར་གྱི་སྐབས་དང་པོའི་ཡིག་གཟུགས་རྐོ་འབྲི་སྒྱུ་རྩལ་བརྩམས་ཆོས་འགྲེམ་སྟོན་སྤེལ་འགོ་བརྩམས།
- དཔལ་མགོན་རྫོང་གིས་ན་སོ་དར་ལ་མ་བབས་པའི་མིའི་ཁྲིམས་ལུགས་སློབ་གསོར་ཤུགས་སྣོན་བརྒྱབ་པ།
- བརྩེ་སེམས་ཟབ་མོ་དམངས་ལ་བཅངས།
- སྨར་ཁམས་རྫོང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་བརྒྱུད་རིམ་ཡོད་པའི་ངང་སྐུལ་འདེད་བཏང་བ།
- ནག་ཆུ་ས་ཁུལ་གྱིས 2015ལོའི“སྔོན་ཐོན་གཉིས་ལྡན་དུད་སྦྲེལ”ལ་གཟེངས་བསྟོད་བྱས་པ།
- ཟངས་རི་རྫོང་རྒྱལ་ཁྲལ་ཅུས་ཀྱིས་ཁེ་ལས་ཀྱི་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་ལེན་བསྟར་བ།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།