ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དེ་སྔོན་ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་འཇིགས་སྐུལ་དོགས་ཡོད་ཉེས་ཅན་བརྒྱད་ཀྱིས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ཕ་རི་སི་ནས་འཇིགས་སྐུལ་འཇབ་རྒོལ་རབ་དང་རིམ་པ་སྤེལ་བ་དང་། དེའི་ནང་གི་མི་བདུན་བསད་པ་དང་། མི་གཅིག་བྲོས་བྱོལ་བྱེད་བཞིན་ཡོད་ཅེས་བསྒྲགས། ཡིན་ན་ཡང་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་རྟོག་ཞིབ་ཀྱི་མཇུག་འབྲས་གསར་བ་ལྟར་ན། ཉུང་མཐར་ཡང་ད་དུང་འཇིགས་སྐུལ་དོགས་ཡོད་ཉེས་ཅན་གཞན་པ་གཅིག་ཀྱང་ཡོད་ལ། ཁོ་བྲོས་བྱོལ་བྱེད་བཞིན་ཡོད་སྲིད་ཟེར།
ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་བལྟས་ན། འཇིགས་སྐུལ་དོགས་ཡོད་ཉེན་ཅན་གྱིས་ཚན་ཆུང་གསུམ་དུ་བགོས་ཏེ་འཇབ་རྒོལ་བྱས་པ་དང་། ཚན་ཆུང་དང་བོས་ཧྥ་ལན་ཞི་ལུས་རྩལ་ར་བའི་ཕྱི་རོལ་ནས་ལུས་ལ་བཅིངས་པའི་འགད་རྫས་འགས་གཏོར་བཏང་ནས་འཇབ་རྒོལ་བྱས་ལ། ཚན་ཆུང་གཉིས་པས་པ་ཐ་ཁི་ལན་ཟློས་གར་ཁང་ནས་མི་གཏའ་བཙན་བཟུང་བྱས་ཏེ་མི་བརྒྱ་ཙམ་བསད་པ་མ་ཟད། ཉེན་རྟོག་ཕྱོགས་དང་འཐབ་འཁྲུག་རྒྱག་སྐབས་ཚེ་ལས་འདས། ཚན་ཆུང་གསུམ་པས་ཟ་ཁང་དང་ཆང་ཁང་མང་བོར་འཇབ་རྒོལ་བྱས་རྗེས་རླངས་འཁོར་བསྐོར་ནས་བྲོས་བྱོལ་བྱས་པར་འདོད་ཟེར། ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བསྟན་པའི་བརྙན་མིག་བརྙན་རིས་ཚན་པ་ཞིག་གི་ནང་དུ། ལུས་ལ་ལྭ་ནག་པོ་གོན་པའི་མི་གཉིས་ཀྱིས་ལག་ཏུ་མེ་མདའ་བཟུང་ནས་ཆང་ཁང་ཞིག་གི་ཕྱོགས་སུ་འཇབ་རྒོལ་བྱས་རྗེས། ཆང་ཁང་དེའི་ཕྱི་རོལ་དུ་བསྡད་ཡོད་པའི་རླངས་འཁོར་ཞིག་གི་ནང་དུ་འཛུལ་བ་དང་། རླངས་འཁོར་དེའི་ནང་དུ་ཁོ་ལོ་བ་ཞིག་ཀྱང་ཡོད་ཟེར།
ཉེན་རྟོག་ཕྱོགས་ཀྱིས་མི་དེ་གསུམ་ནི་ཚན་ཆུང་གསུམ་པར་ཡིན་པར་འདོད་ཡོད་ལ། རླངས་འཁོར་དེ་ནི་ཉེན་རྟོག་པས་ཉིན་གཉིས་ཀྱི་སྔོན་ལ་ཕ་རི་སིའི་ཤར་འདབས་ཀྱི་མིན་ཐི་ལེ་ས་ཁུལ་ནས་རྙེད་པའི་རླངས་འཁོར་དེ་ཡིན་པ་དང་། སྐབས་དེར་རླངས་འཁོར་དེའི་ནང་ནས་གདོང་མཆོང་མེ་མདའ་གསུམ་རྙེད།
རླངས་འཁོར་དེ་ནི་དོགས་ཡོད་ཉེས་ཅན་ས་ལ་མུའུ་ཡིས་པི་ལི་ཧྲི་ནས་གླས་པ་རེད། ཉེན་རྟོག་ཕྱོགས་བརྙན་རིས་ནང་གི་མི་གསུམ་པོ་ནི་སོ་སོར་ས་ལ་མུའུ་དང་ཁོའི་ཕུ་བོ་དབྱི་པུའུ་ལ་ཞིན། ད་དུང་ལྐོག་གྱུར་གྱི་དོགས་ཡོད་ཉེས་ཅན་དགུ་བ་བཅས་ཡིན་པར་དོགས་པ་ཟ་བཞིན་ཡོད། ས་ལ་མུའུ་བྲོས་བྱོལ་བྱེད་བཞིན་ཡོད་པ་དང་། དབྱི་པུའུ་ལ་ཞིན་གྱིས་ལུས་ལ་བཅིངས་པའི་འགད་རྫས་འགས་གཏོར་བཏང་ནས་རང་སྲོག་བཅད་པ་རེད།
དོགས་ཡོད་ཉེས་ཅན་དགུ་ཡི་ནང་དུ། མི་ལྔའི་ཐོབ་ཐང་རྩད་ཆོད་ཡོད་པ་དང་ཁོ་ཚོ་ཚང་མ་ཧྥ་རན་སི་ནས་རེད། དེའི་ནང་གི་མི་གསུམ་པི་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་འདབས་རོལ་དུ་བསྡོད་ཡོད་པ་དང་། དོགས་ཡོད་ཉེས་ཅན་གཞན་པ་གཉིས་ཕ་རི་སིའི་འདབས་རོལ་དུ་བསྡད་ཡོད། དོགས་ཡོད་ཉེས་ཅན་བཞིའི་ཐོབ་ཐང་ལ་ད་དུང་རྩད་གཅོད་བྱེད་བཞིན་པ་དང་། མི་གཅིག་གིས་སི་རི་ཡའི་ལམ་ཡིག་བཟུང་ཡོད་ལ། ལག་རིས་ཆ་འཕྲིན་ལྟར་ན་ད་ལོའི་ཟླ་བཅུ་བར་ཁོ་ཞི་ལ་བརྒྱུད་དེ་ཡོ་རོབ་གླིང་དུ་སོང་མྱོང། གསར་དུ་རྟོག་ཞིབ་བྱས་པ་ལྟར་ན། དོགས་ཡོད་ཉེས་ཅན་དེས་བཟུང་ཡོད་པའི་ལམ་ཡིག་རྫུན་མ་ཡིན་ཏེ། ལམ་ཡིག་དེ་ནི་དོན་ངོ་མས་སི་རི་ཡའི་སྲིད་གཞུང་གི་དམག་མི་ཞིག་གི་ལམ་ཡིག་ཡིན་ལ། དམག་མི་དེ་ཟླ་འགའི་སྔོན་ལ་འཐབ་འཁྲུག་ཁྲོད་ནས་ཚེ་ལས་འདས་པ་རེད།
ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན། ཉེན་རྟོག་ཕྱོགས་ཀྱིས་པ་ཐ་ཁི་ལན་ཟློས་གར་ཁང་ཉེ་འདབས་ཀྱི་གད་སྙིགས་ཀྱི་སྒམ་ནང་ནས་དོགས་ཡོད་ཉེས་ཅན་གྱིས་བཀོལ་མྱོང་བའི་ལག་ཁྱེར་ཁ་པར་ཞིག་རྙེད་པ་དང་། ཁ་པར་ནང་དུ་ཟློས་གར་ཁང་ནང་ཁུལ་གྱི་བཀོད་པ་གསལ་བའི་གློག་རྡུལ་ས་ཁྲ་ཞིག་ཡོད་པ་མ་ཟད། ད་དུང་འཕྲིན་ཐུང་ཞིག་ཀྱང་ཡོད་ལ། འཕྲིན་ཐུང་དེ་ནི་འཇབ་རྒོལ་དོན་རྐྱེན་མ་བྱུང་གོང་འབྱོར་བ་དང་། འཕྲིན་ཐུང་ནང་དུ་འགུལ་སྐྱོད་བྱོས་ཞེས་པའི་ཡིག་འབྲུ་འགའ་མ་གཏོགས་བྲིས་མེད།
བྲོས་བྱོལ་བྱེད་བཞིན་པའི་འཇིགས་སྐུལ་དོགས་ཡོད་ཉེས་ཅན་ས་ལ་མུའུ་ནི་ལམ་བར་ནས་རླངས་འཁོར་ལས་བུད་རྗེས། ཕ་རི་སི་ནས་བྲོས་པ་རེད་ཟེར། པི་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ས་ལ་མུའུ་ཡིས་པུའུ་ལུའུ་སེར་ན་ཡོད་པའི་ཁོའི་གྲོགས་པོ་གཉིས་ལ་ཁ་པར་བཏང་ནས། ཁོ་ལེན་དུ་ཤོག་ཅེས་བཤད་པ་དང་། ཁོ་གསུམ་པོ་བསྡད་པའི་རླངས་འཁོར་ཧྥ་རན་སི་ནས་པི་ལི་ཧྲི་ལ་སྐྱོད་པའི་ལམ་བར་ནས། ཉེན་རྟོག་པས་ཐེངས་གསུམ་ལ་བཀག་ན་ཡང་། ཐེངས་གསུམ་པོར་འགྲོ་རུ་བཅུག་པ་རེད་ཟེར།
ས་ལ་མུའུ་ལེན་དུ་སོང་བའི་མི་དེ་གཉིས་ཀྱི་ཁྲིམས་རྩོད་པས་མི་དེ་གཉིས་ཀྱིས་ས་ལ་མུའུ་འཇིགས་སྐུལ་མི་སྣ་ཡིན་པ་ཤེས་མེད་ཟེར། མི་དེ་གཉིས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་ཡོད་པ་དང་། ཉེན་རྟོག་ཕྱོགས་ཁོ་གཉིས་ཀྱིས་ཕ་རི་སི་ནས་འཇབ་རྒོལ་བྱེད་མཁན་ལ་སྒྲིག་ཆས་དང་མེ་མདའི་མདེའུ་འདོན་སྤྲོད་བྱས་པར་དོགས་པ་ཟ་བཞིན་ཡོད།
ས་ལ་མུའུ་ཡི་ནུ་བོ་མུའུ་ཧན་མོ་ཏི་ཟེར་བ་དེ་ཉིན་གཉིས་ཀྱི་སྔོན་ལ་འཛིན་བཟུང་བྱས་ཏེ་ནག་ཉེས་མེད་པར་གཏན་ཁེལ་བྱས་རྗེས་ཕྱིར་བཏང་། མུའུ་ཧན་མོ་ཏི་ཡིས་ཚེས་བཅུ་བདུན་ཉིན་ཧྥ་རན་སིའི་བརྙན་འཕྲིན་ཁང་ཞིག་གི་བཅར་འདྲི་དང་ལེན་བྱེད་སྐབས། ཕུ་བོས་སྔ་མོ་ནས་རང་ཉེས་ངོས་ལེན་བྱེད་རྒྱུའི་ཁ་ཏ་བྱས། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།