ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ས་དེའི་ཚེས་བཅོ་བརྒྱད་ཉིན་གྱི་ཞོགས་པར་ཕ་རི་སིའི་བྱང་འདབས་ཀྱི་ཧྲིན་ཏན་ཉི་ས་ཁུལ་ནས་སྔོག་བཤེར་བྱས་ཏེ་བྲོས་བྱོལ་བྱེད་བཞིན་པའི་འཇིགས་སྐུལ་དོགས་ཡོད་ཉེས་ཅན་འགའ་འཛིན་བཟུང་བྱེད་རྩིས་བྱས་པ་དང་། དོགས་ཡོད་ཉེས་ཅན་འགའ་ཁང་པ་ཞིག་གི་ནང་དུ་བསྐུངས་ནས་ཉེན་རྟོག་ཕྱོགས་ལ་ངོ་རྒོལ་བྱས་པས། ཕྱོགས་གཉིས་བར་འཐབ་འཁྲུག་དྲག་པོ་བྱུང་བ་དང་། ཡུལ་དངོས་ནས་འགས་གཏོར་གྱི་སྒྲ་དྲག་པོ་ཐོས་ཐུབ་ཟེར།

ཧྥ་རན་སི་ཉེན་རྟོག་ཕྱོགས་ལ་འབྱོར་བའི་གསང་འཕྲིན་ལྟར་ན། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རབ་དང་རིམ་པར་ཇུས་འགོད་བྱས་པར་དོགས་པ་ཟ་བའི་འཇིགས་སྐུལ་མི་སྣ་ཨ་པ་ཝུའུ་ཏི་ཟེར་བ་དེ་དང་བྲོས་བྱོལ་བྱེད་བཞིན་པའི་དོགས་ཡོད་ཉེས་ཅན་གཞན་པ་གཉིས་ཧྲིན་ཏན་ཉི་ས་ཁུ་གྱི་ཐོག་ཁང་ཞིག་གི་ནང་དུ་བསྐུངས་ནས་བསྡད་ཡོད་སྲིད་ཟེར་བས། ཉེན་རྟོག་ཕྱོགས་ཀྱིས་འཇིགས་སྐུལ་ངོ་རྒོལ་དམག་མི་མངགས་ཏེ་ཐོག་ཁང་དེའི་མཐའ་བསྐོར་བར་མ་ཟད། ཉེ་འདབས་ཀྱི་སྡོད་དམངས་རྣམས་ཁྱིམ་གྱི་ཕྱི་རུ་འབུད་མི་ཉན་པའི་ཉེན་བརྡ་བཏང་བ་དང་། ཧྲིན་ཏན་ཉི་ས་ཁུལ་ལ་འགྲོ་བའི་ལམ་བཀག་པ་མ་ཟད། ས་ཁུལ་དེའི་སློབ་གྲྭ་ཡང་ཉིན་དེར་ཚོགས་མཚམས་འཇོག་ཏུ་བཅུག

ས་དེའི་སྡོད་དམངས་ཀྱིས་བཤད་རྒྱུར། དུས་ཚོད་བཞི་དང་ཕྱེད་ཀ་ཡས་མས་ནས་བཟུང་། ཁོ་ཚོས་མེ་མདའི་སྒྲ་དང་འགས་གཏོར་གྱི་སྒྲ་དྲག་པོ་གོ་བྱུང་ཟེར། བརྙན་འཕྲིན་གྱི་བརྙན་རིས་ལས་གྱེན་འཕུར་གནམ་གྲུ་ཞིག་བར་སྣང་དུ་ལྡིང་སྐོར་རྒྱག་བཞིན་ཡོད་ལ། དྲག་འགོག་རླངས་འཁོར་ཆེན་པོ་འགའ་ས་དེ་རུ་བསྡད་ཡོད།

ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། ཉིན་གུང་བར་དུ་དོགས་ཡོད་ཉེས་ཅན་བདུན་འཛིན་བཟུང་བྱས་པ་དང་། འཇིགས་སྐུལ་དོགས་ཡོད་ཉེས་ཅན་གཉིས་འཐབ་འཁྲུག་ཁྲོད་ནས་ཤི་ལ། དེའི་ནང་དུ་རང་གི་ལུས་ལ་བཅིངས་པའི་འགད་རྫས་འགས་གཏོར་བཏང་བའི་བུད་མེད་ཅིག་ཡོད། ཉེན་རྟོག་པ་མང་བོར་འཛིན་བཟུང་འགུལ་སྐྱོད་ཁྲོད་ནས་རྨས་ཕོག་ཟེར།

འཐབ་འཁྲུག་རྒྱག་ས་དེ་ནི་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་འགས་གཏོར་འཇབ་རྒོལ་བྱུང་ས་སྟེ་ཧྥ་ལན་ཞི་ལུས་རྩལ་ར་བ་དང་ཐག་མི་རིང་བའི་ས་རུ་ཡོད་ལ། ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་ལུས་རྩལ་ར་བ་དེའི་མཐའ་འཁོར་ནས་འགས་གཏོར་ཐེངས་གསུམ་ལ་བྱུང་། སྐབས་དེར་ལུས་རྩལ་ར་བ་དེ་རུ་ལྟད་མོ་བ་ཁྲི་བརྒྱད་ཡོད་པ་དང་། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཀྱང་དེ་ན་རྐང་གྲུག་འགྲན་སྡུར་ལ་ལྟ་བཞིན་ཡོད། རང་སྲོག་གཅོད་མཁན་གྱི་འཇབ་རྒོལ་གསུམ་འགས་གཏོར་ཁྲོད་ནས་ཤི།

ཉེན་རྟོག་ཕྱོགས་ཀྱིས་རྟོག་ཞིབ་བྱས་པ་ལྟར་ན། ཉུང་མཐར་ཡང་ཕ་རི་སི་ནས་འཇིགས་སྐུལ་འཇབ་རྒོལ་བྱས་པའི་དོགས་ཡོད་ཉེས་ཅན་གཉིས་བྲོས་བྱོལ་བྱེད་བཞིན་ཡོད་ལ། དེའི་ནང་གི་གཅིག་ནི་ད་ལོར་ལོ་ཉེར་དྲུག་ལ་བུད་པའི་ཧྥ་རན་སིའི་མི་ས་ལ་མུའུ་ཟེར་བ་དེ་རེད་ཟེར།

ཨ་པ་ཝུའུ་ཏི་ཟེར་བ་དེ་ནི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་གྱི་ཇུས་འགོད་པ་གཙོ་བོ་ཡིན་པར་དོགས་པ་ཟ་བཞིན་ཡོད་ལ། ཁོ་ནི་ས་ལ་མུའུ་དང་འདྲ་བར་པི་ལི་ཧྲི་རྒྱལ་ཁབ་ཀྱི་རྒྱལ་ས་པུའུ་ལུའུ་སེར་གྱི་གྲོང་འདབས་སུ་བསྡད་ཡོད། བཤད་ཚུལ་ལྟར་ན་ཁོ་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ནང་ཁུལ་གྱི་འགུལ་སྐྱོད་ཆེས་མང་བའི་འཇབ་རྒོལ་ཇུས་འགོད་པའི་ནང་གི་གཅིག་རེད་ཟེར།

ཕ་རི་སི་ནས་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་འཇིགས་སྐུལ་འཇབ་རྒོལ་རབ་རིམ་པ་བྱུང་བ་དང་། འཇབ་རྒོལ་བྱེད་ཡུལ་ལ་ལུས་རྩལ་ར་བ་དང་ཟློས་གར་ཁང་། ཟ་ཁང་སོགས་ཉུང་མཐར་ཡང་ས་དྲུག་ཡོད། འཇབ་རྒོལ་ཁྲོད་ནས་ཉུང་མཐར་ཡང་མི་བརྒྱ་དང་ཉེར་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་སུམ་བརྒྱ་དང་ང་གཉིས་ལ་རྨས་ཕོག ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཚེས་བཅུ་བཞི་ཉིན་འཇིགས་སྐུལ་འཇབ་རྒོལ་དེ་ཁོ་ཚོས་བཟོས་པ་ཁས་བླངས་པ་མ་ཟད། ཐལ་སྤྱོད་འཇིགས་སྐུལ་མི་སྣ་བརྒྱད་མངགས་ཏེ་འཇབ་རྒོལ་བྱེད་དུ་བཅུག་པ་ཡིན་ཞེས་བསྒྲགས།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།