ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་བཅུ་དྲུག་ཉིན་ཨུ་རུ་སིའི་དམག་དཔུང་གིས་སི་རི་ཡར་བར་སྣང་ནས་འཇབ་རྒོལ་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་རྒྱུའི་གྲོས་མགོ་བཏོན་རྗེས། ཨུ་རུ་སིའི་རྒྱལ་སྲུང་དཔོན་པོ་ཧྲའོ་དབྱི་ཀུའུ་ཡིས་ཚེས་བཅུ་བདུན་ཉིན་བསྒྲགས་རྒྱུར། ཨུ་རུ་སིས་རྒྱང་བསྟེན་འཐབ་ཇུས་འགས་གཏོར་གནམ་གྲུ་བཀོལ་ནས། རང་གི་མངའ་ཁོངས་ནས་འཕུར་ཏེ་སི་རི་ཡའི་བར་སྣང་འཇབ་རྒོལ་ཁྲོད་ཞུགས་རྒྱུའི་ཐག་བཅད་པ་ཡིན་ལ། དེ་ལྟར་བྱས་ན་བར་སྣང་གི་འཇབ་རྒོལ་དྲག་ཤུགས་སྔོན་ཆད་ལས་ལྡབ་གཉིས་འཕར་ཐུབ་ཟེར།
ཉིན་དེར་བསྡུས་པའི་ཨུ་རུ་སིའི་རྒྱལ་སྲུང་པུའུ་ཡི་བརྙན་རིས་གྲོས་ཚོགས་སྟེང་། ཧྲའོ་དབྱི་ཀུའུ་ཡིས་ཕུའུ་ཅིན་ལ་ཨུ་རུ་སིའི་དམག་དཔུང་གིས་རྒྱང་བསྟེན་འཐབ་ཇུས་འགས་གཏོར་གནམ་གྲུ་ཉེར་ལྔ་བཀོལ་ནས། རང་གི་མངའ་ཁོངས་ནས་འཕུར་ཏེ་སི་རི་ཡའི་མངའ་ཁོངས་ཡོངས་ནས་འཇིགས་སྐུལ་མི་སྣར་ཆམ་ཕབ་དྲག་པོ་གཏོང་རྒྱུ་ཡིན་ལ། བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་ཁྲོད་དུ་ད་དུང་རྒྱང་འཕེན་འཕུར་མདའ་ཡང་འཕེན་རྒྱུ་ཡིན་པ་དང་། ས་དཀྱིལ་རྒྱ་མཚོ་རུ་ཡོད་པའི་མོ་སི་ཁོ་རྟགས་ཅན་གྱི་འཕུར་མདའ་ཕྱོགས་སྟོན་དམག་གྲུས་སི་རི་ཡ་ན་ཡོད་པའི་མཁའ་དམག་རྟེན་གཞིར་འགེབ་སྲུང་བྱེད་རྒྱུ་ཡིན་ཞེས་བཤད་ཟེར།
དེས་མི་ཚད་ཨུ་རུ་སིས་ད་དུང་སི་རི་ཡའི་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ལ་མྱུལ་ཞིབ་བྱེད་པར་བཀོལ་བའི་འཁོར་སྐར་ཇེ་མང་དུ་གཏོང་རྒྱུ་ཡིན་ཏེ། དམངས་སྤྱོད་འཁོར་སྐར་དང་བཅས་པའི་མཁའ་སྐྱོད་འཕྲུལ་ཆས་བཅུ་ཡིས་སྐུད་མེད་གློག་གི་མྱུལ་ཞིབ་དང་པར་རིས་མྱུལ་ཞིབ་བྱེད་རྒྱུ་ཡིན་ལ། དེའི་ནང་གི་འཁོར་སྐར་འགའི་འཁོར་ལམ་བསྒྱུར་བ་དང་གནས་ཡང་བསྐྱར་གཏན་ཁེལ་བྱེད་པའི་བྱ་བ་ཡོངས་འགྲུབ་བྱས་ཡོད་ཟེར།
ཧྲའོ་དབྱི་ཀུའུ་ཡིས་བཤད་རྒྱུར། ཉིན་དེར་ཨུ་རུ་སིས་རྒྱང་བསྟེན་འཐབ་ཇུས་འགས་གཏོར་གནམ་གྲུ་རིགས་གསུམ་ཞུགས་པའི་བར་སྣང་འཇབ་རྒོལ་བྱེད་པར་གནམ་གྲུ་ཐེངས་གྱ་གཉིས་ལ་བཏང་བ་དང་། བར་སྣང་འཇབ་རྒོལ་ཁྲོད་ནས་ཐོག་དང་བོར་རྒྱང་འཕེན་འཕུར་མདའ་བཀོལ་ཏེ། འཇིགས་སྐུལ་མི་སྣའི་བཀོད་འདོམས་ཁང་དང་བཅས་པའི་དམིགས་འབེན་བརྒྱ་དང་བཞི་བཅུ་རྩ་གཏོར་བཏང་། ཚོད་དཔག་བྱས་ན་ཉིན་དེར་བསྡོམས་པས་གནམ་གྲུ་བརྒྱ་དང་ཉེར་བདུན་མངགས་ཏེ་དམིགས་འབེན་ཉིས་བརྒྱ་དང་དྲུག་རྩ་གཏོར་བཏང་ཡོད་སྲིད་ཟེར།
ཨུ་རུ་སིའི་དྲག་ཆས་སྟོབས་ཤུགས་ཀྱི་སྤྱི་ཁྱབ་ཇུས་འདོན་དཔོན་པོ་ཀི་ལ་ཞི་མོ་ཧྥུའུ་ཡིས་བཤད་རྒྱུར། ཨུ་རུ་སིའི་ཉིན་དེའི་བར་སྣང་འཇབ་རྒོལ་གྱི་འགུལ་སྐྱོད་ལ་བརྟེན་ནས་སི་རི་ཡའི་སྲིད་གཞུང་དམག་གིས་གཡུལ་ས་ཡོངས་ནས་བྱང་ཕྱོགས་སུ་དཔུང་འཇུག་བྱས་ཏེ། ཨ་ལེ་ཕོ་ཞིང་ཆེན་ནས་སྡོད་དམངས་འདུག་ས་བཞི་བཅུ་ཕྱིར་འཕྲོག་ཐུབ་པར་གྱུར་ཟེར།
ཕུའུ་ཅིན་གྱིས་བརྙན་རིས་གྲོས་ཚོགས་སྟེང་མོ་སི་ཁོ་རྟགས་ཅན་གྱི་འཕུར་མདའ་ཕྱོགས་སྟོན་དམག་གྲུས་ཧྥ་རན་སིའི་དམག་ཕྱོགས་ལ་འབྲེལ་འདྲིས་བྱེད་དགོས་པའི་བཀའ་ཕབ་པ་མ་ཟད། ཨུ་རུ་སི་ཕྱོགས་ཀྱིས་ཧྥ་རན་སི་དང་མཉམ་དུ་སི་རི་ཡའི་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་མཉམ་འབྲེལ་འགུལ་སྐྱོད་འཆར་གཞི་གཏན་འབེབས་བྱས་ཏེ། བར་སྣང་དང་མཚོ་ཐོག་གི་འཇབ་རྒོལ་འགུལ་སྐྱོད་མཉམ་དུ་ཡོངས་འགྲུབ་བྱེད་དགོས་ཞེས་བཤད།
སི་རི་ཡའི་སྲིད་གཞུང་གིས་རེ་བ་བཏོན་པ་ལྟར། ཨུ་རུ་སིས་ཟླ་དགུ་བའི་ཚེས་སུམ་ཅུ་ཉིན་ནས་བཟུང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་བྱེད་མགོ་བརྩམས་པ་དང་། ད་བར་དུ། ཨུ་རུ་སིའི་མཁའ་དམག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་དམིགས་འབེན་ལ་བར་སྣང་ནས་འཇབ་རྒོལ་ཐེངས་སྟོང་གཅིག་དང་དགུ་བརྒྱར་བྱས་ཏེ། སི་རི་ཡ་ན་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་རྩ་འཛུགས་ཀྱི་བཀོད་འདོམས་ཁང་དང་མཚོན་ཆའི་མཛོད་ཁང་། སྦྱོང་བརྡར་ལྟེ་གནས་སོགས་དམག་དོན་དམིགས་འབེན་སྟོང་གཉིས་དང་བདུན་བརྒྱ་རྩ་གཏོར་བཏང་། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།