ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཉིན་དེར་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་ནས། འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བར་ཤུགས་སྣོན་པའི་ཐད་ནས་གྲོས་སྡུར་བྱེད་རྒྱུ་རེད། ཕྱོགས་གཉིས་ཀ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་དང་གསང་འཕྲིན་སྡེ་ཁག་གིས་འབྲེལ་འདྲིས་དང་གཞོགས་འདེགས་སྔར་ལས་དམ་པོས་འཇིགས་སྐུལ་རྩ་འཛུགས་ལ་ཆམ་ཕབ་གཏོང་རྒྱུར་འཐད་པ་བྱུང་།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཉིན་དེར་སྤྱི་སྒྲོག་སྤེལ་ནས། ཨོ་ལང་ཏི་ཡིས་ཚེས་ཉེར་དྲུག་ཉིན་ཨུ་རུ་སི་ལ་འཚམས་འདྲི་བྱས་པ་མ་ཟད་ཕུའུ་ཅིན་ལ་ཐུག་འཕྲད་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བ་དང་སི་རི་ཡའི་ཉེན་ཚབས་ཐག་གཅོད་པའི་ཐད་ནས་གྲོས་སྡུར་བྱེད་རྒྱུ་རེད་ཅེས་བཤད།

ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་བཅུ་བདུན་ཉིན་ད་དུང་བཤད་རྒྱུར། ཧྥ་རན་སིའི་གྲོས་ཞུགས་དཔོན་པོ་ལཱ་ཨར་ཞེ་ཡིས་ཉིན་དེར་ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་མ་ཐི་ཝེ་ཡན་ཁོ་ལ་ཁ་པར་བཏང་བ་དང་། ཕྱོགས་གཉིས་ཀྱིས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ཏེ་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་སྲ་བརྟན་དུ་གཏོང་བ་དང་། ཕྱི་འབྲེལ་དང་དམག་དོན། གསང་འཕྲིན་བཅས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་འཐད་པ་བྱུང་ཟེར།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།