ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕོ་བྲང་དཀར་པོས་ས་དེའི་ཚེས་བཅུ་བདུན་ཉིན་བསྒྲགས་རྒྱུར། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཟླ་འདིའི་ཚེས་ཉེར་བཞི་ཉིན་ཕོ་བྲང་དཀར་པོར་འཚམས་འདྲི་བྱས་ཏེ། འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་ཐད་ནས་ཨ་མེ་རི་ཁར་མཉམ་ལས་ཟབ་མོ་བྱེད་རྒྱུ་རེད་ཟེར།

ཕོ་བྲང་དཀར་བོས་གསལ་སྒྲོག་ནང་དུ་བཤད་རྒྱུར། ཨ་མེ་རི་ཁའི་ཙུང་ཐུང་ཨོ་པ་མ་ཡིས་ཕོ་བྲང་དཀར་པོའི་གཞུང་སྒྲུབ་ཁང་ནས་ཨོ་ལང་ཏི་ལ་ཐུག་འཕྲད་བྱེད་རྒྱུ་ཡིན་པ་དང་། ཁོ་གཉིས་ཀྱིས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་གྱི་མཉམ་ལས་ལ་ཤུགས་སྣོན་པའི་ཐད་ནས་གྲོས་སྡུར་བྱེད་རྒྱུ་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ཆོད་སེམས་བརྟན་པོ་བསྐྱར་སྒྲོག་བྱེད་རྒྱུ་རེད་ཟེར།

ཕོ་བྲང་དཀར་པོས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱིས་ད་དུང་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་རྟོག་ཞིབ་ཐད་ནས་མཐུན་སྦྱོར་དམ་པོ་བྱེད་རྩིས་ཡོད་ལ། ཨ་མེ་རི་ཁས་མུ་མཐུད་དུ་ཧྥ་རན་སི་ལ་གཞོགས་འདེགས་བྱེད་རྒྱུ་ཡིན་ཟེར།

ཧྥ་རན་སི་ན་ཡོད་པའི་ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཁི་ལེ་ཡིས་ས་དེའི་ཚེས་བཅུ་བདུན་ཉིན་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཨ་མེ་རི་ཁ་དང་ཧྥ་རན་སིས་འབད་བརྩོན་ཆེན་པོས་ཆ་འཕྲིན་སྔར་ལས་མང་བོ་བརྗེ་རེས་བྱས་ཏེ། ལག་རྡང་མཉམ་སྦྲེལ་གྱིས་འཇིགས་སྐུལ་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་ཆམ་ཕབ་གཏོང་དགོས་ཟེར། དེའི་སྔོན་ལ་ཟུར་ལྔའི་ཐོག་ཁང་ཆེན་མོས་ཨ་མེ་རི་ཁས་ད་ལྟའི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་གཏན་ཁེལ་འོག་ཏུ་ཚད་ཆེས་མཐོ་བའི་སྒོ་ནས་ཧྥ་རན་སིའི་བར་གསང་འཕྲིན་མཉམ་སྤྱོད་བྱེད་རྒྱུ་ཡིན་ཞེས་བཤད།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།