ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་འཁོར་སྐར་དྲ་བས་ཚེས་བཅུ་བདུན་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཨུ་རུ་སིའི་འགྲུལ་སྐྱེལ་གནམ་གྲུའི་ཆག་སྒོ་འབྱུང་རྐྱེན་གྱི་རྟོག་ཞིབ་མཇུག་འབྲས་དང་འབྲེལ་བའི་ཚོགས་འདུའི་སྟེང་ནས། ཨུ་རུ་སི་ཡིས་རྒྱལ་སྤྱིའི་བཅའ་ཁྲིམས་བརྩི་སྲུང་བྱས་ཏེ་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་སྤེལ་རྒྱུ་ཡིན་ཞེས་ནན་གྱིས་བསྟན། དེ་དང་མཉམ་དུ་ཕུའུ་ཅིན་གྱིས་འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་མཁའ་འགྲུལ་ཆག་སྒོ་དེ་བཟོས་པའི་འཇིགས་སྐུལ་མི་སྣ་སྔོག་བཤེར་བྱེད་དགོས་པའི་བཀའ་ཕབ།

བསྒྲགས་པའི་གནས་ཚུལ་ལྟར་ན། ཕུའུ་ཅིན་གྱིས་ཨུ་རུ་སིའི་མཁའ་འགྲུལ་ཆག་སྒོའི་རྟོག་ཞིབ་མཇུག་འབྲས་དང་འབྲེལ་བའི་གྲོས་ཚོགས་སྟེང་སྟོབས་ལྡན་སྡེ་ཁག་དག་གིས་བྱེད་ཐབས་ཡོད་ཚད་སྤྱད་དེ་ཨུ་རུ་སིའི་རྒྱལ་ནང་གི་བདེ་འཇགས་ལ་ཤུགས་སྣོན་དགོས་ཞེས་ནན་གྱིས་བསྟན་པ་མ་ཟད། འཛམ་གླིང་ཡོངས་ཀྱི་ཁྱབ་ཁོངས་ནས་མཁའ་འགྲུལ་ཆག་སྒོ་དེ་བཟོས་པའི་འཇིགས་སྐུལ་མི་སྣ་སྔོག་བཤེར་བྱེད་དགོས་པའི་བཀའ་ཕབ། ཁོས་ས་ཁོངས་གང་དུ་འགྲོ་དགོས་པ་དང་དུས་ཚོད་ཅི་འདྲའི་རིང་བོ་དགོས་ན་ཡང་། འཇིགས་སྐུལ་མི་སྣ་དེ་དག་རྩ་མེད་དུ་གཏོང་དགོས་ཞེས་བཤད།

ཕུའུ་ཅིན་གྱིས་ད་དུང་ཨུ་རུ་སིའི་འཇིགས་སྐུལ་ངོ་རྒོལ་འགུལ་སྐྱོད་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ནང་གི་རང་སྲུང་དབང་ཆའི་སྐོར་གྱི་དོན་ཚན་ང་གཅིག་གི་རྨང་གཞིའི་སྟེང་སྤེལ་རྒྱུ་ཡིན་ཞེས་བསྟན་པ་དང་། ཉེས་ཅན་བསྐུངས་མཁན་ལ་ཡང་ཁྲིམས་ཆད་གཅོད་རྒྱུ་ཡིན་ཞེས་བསྟན།  །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།


འབྲེལ་ཡོད་རྩོམ་ཡིག

པ་ཞི་རུ་ཆུ་རགས་རྡིབ་པའི་དོན་རྐྱེན་བྱུང་བ།

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།

ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་གཞི་རྒྱ་ཆེས་ཆེ་བའི་འཐུས་ཚབ་ཚོགས་པ་ཁྲིད་དེ་ཨ་མེ་རི་ཁར་འཚམས་འདྲི་བྱེད་རྒྱུ་རེད།

ཕུའུ་ཅིན་གྱིས་ཐུར་ཁེའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཐད་ནས་འཚམས་འདྲི་བྱས་པ་དང་ཐུར་ཁེ་དང་མཉམ་ལས་བྱས་ཏེ་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་འདོད་ཡོད་པའི་ཚུལ་བསྟན།