ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པི་ལི་ཧྲི་རྒྱལ་ཁབ་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བསྒྲགས་པ་ལྟར་ན། པི་ལི་ཧྲི་ཡིས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཞུགས་པའི་དོགས་ཡོད་ཉེས་ཅན་གསུམ་གྱི་ཐོབ་ཐང་རྩད་ཆོད་ཡོད་པ་མ་ཟད། ཉེན་རྟོག་ཕྱོགས་ཀྱིས་ད་དུང་དོགས་ཡོད་མི་སྣ་བདུན་འཛིན་བཟུང་བྱས་ཡོད་ལ། དེ་དང་མཉམ་དུ་ཧྥ་རན་སི་རྒྱལ་ཁབ་ཀྱིས་རྒྱལ་ཁབ་སོ་སོས་འཇིགས་སྐུལ་ངོ་རྒོལ་མཉམ་ལས་ལ་ཤུགས་བསྣན་ཏེ། རིམ་པ་སོ་སོ་ནས་བསྟུད་མར་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་དགོས་པའི་འབོད་སྐུལ་བཏང་ཟེར།
པི་ལི་ཧྲི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཞིབ་དཔྱོད་ཁང་གིས་ཚེས་བཅོ་ལྔ་ཉིན་སྤྱི་སྒྲོག་སྤེལ་ནས་བཤད་རྒྱུར། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་དོགས་ཡོད་ཉེས་ཅན་གསུམ་གྱི་ཐོབ་ཐང་གསལ་བོར་ཤེས་ཡོད་པ་དང་། དེའི་ནང་གི་མི་གཉིས་ནི་ཧྥ་རན་སིའི་མི་ཡིན་ལ། པི་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་དུ་བསྡད་ཡོད་པ་དང་། གཉིས་ཀ་དོན་རྐྱེན་ཁྲོད་ནས་ཤི་ཟིན། དོགས་ཡོད་མི་སྣ་གསུམ་པ་དེའི་མིང་ལ་ས་ལཱ་ཧི་ཟེར་བ་དང་གཅིག་སྟོང་དགུ་བརྒྱ་གྱ་དགུ་ལོར་པུའུ་ལུའུ་སེར་དུ་སྐྱེས་པ་རེད། མིག་སྔར་བྲོས་བྱོལ་དུ་སོང་ཡོད་ལ། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་དེར་འཛིན་བཟུང་བཀའ་ཡིག་བཀྲམས་ཡོད་ཟེར།
དེས་མི་ཚད་པི་ལི་ཧྲིའི་རྒྱལ་ཕྲན་མཉམ་འབྲེལ་ཞིབ་དཔྱོད་ཁང་གིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། པི་ལི་ཧྲིའི་ཉེན་རྟོག་ཕྱོགས་ཀྱིས་ཉེ་སྔོན་རྒྱལ་ས་པུའུ་ལུའུ་སེར་གྱི་མོ་ལུན་པེ་ཁི་ས་ཁུལ་ནས་ཐེངས་མང་བོར་སྔོག་བཤེར་བྱས་ཏེ། ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་ཁྲོད་ཞུགས་པར་དོགས་པ་ཟ་བའི་མི་བདུན་འཛིན་བཟུང་བྱས་པ་དང་། དེའི་ནང་གི་མི་གཅིག་ཚེས་བཅུ་གསུམ་ཉིན་གྱི་དགོང་མོར་འཇབ་རྒོལ་དོན་རྐྱེན་འབྱུང་སྐབས་ཕ་རི་སི་རུ་ཡོད་ཟེར།
གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། པུའུ་ལུའུ་སེར་གྱི་མོ་ལུན་པེ་ཁི་ས་ཁུལ་དུ་བསྡད་ཡོད་པའི་མི་ཚོགས་གཙོ་བོ་ནི་མུའུ་སི་ལིན་གྱི་མི་ཡིན་ལ། མི་མང་བོ་དྲག་ཤུགས་ལ་དགའ། ད་ལོའི་ཟླ་དང་བོར་ཕ་རི་སིའི་ཧྲར་ལེ་གཟའ་འཁོར་ཚགས་པར་ཁང་དུ་འཇབ་རྒོལ་དོན་རྐྱེན་བྱུང་རྗེས། ས་ཁུལ་དེ་ནས་དྲག་ཤུགས་དོན་རྐྱེན་མང་བོ་བྱུང་། ཟླ་དེར་པི་ལི་ཧྲིའི་ཤར་ཕྱོགས་ཀྱི་ཝེར་ཝེ་ཡེ་གྲོང་ཁྱེར་ནས་རྩ་གཏོར་བཏང་བའི་འཇིགས་སྐུལ་ཚོགས་པའི་མགོ་བ་ཡང་མོ་ལུན་པེ་ཁི་ས་ཁུལ་གྱི་རེད། པི་ལི་ཧྲིའི་དབུ་བཞུགས་བློན་ཆེན་མུས་ཞེར་དང་ནང་སྲིད་བློན་ཆེན་རང་པང་ཏུའུ་གཉིས་ཀས་བཤད་རྒྱུར། ཐེངས་འདིའི་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེ་མོ་ལུན་པེ་ཁི་ས་ཁུལ་དང་འབྲེལ་བ་ཡོད་སྲིད་པས། སྲིད་གཞུང་གིས་ས་ཁུལ་གྱི་གནས་བབ་ལ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱུར་བསམ་བློ་གཏོང་ཡང་སྲིད་ཟེར།
པི་ལི་ཧྲིའི་སྲིད་གཞུང་གིས་ཐེངས་གཉིས་ལ་རྒྱལ་ཡོངས་ཀྱི་བདེ་འཇགས་གྲོས་ཚོགས་བསྡུས་ནས་བདེ་འཇགས་གནས་བབ་ལ་དཔྱད་འཇོག་བྱས། ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར། པི་ལི་ཧྲིས་བྱེད་ཐབས་མང་བོ་སྤྱད་དེ་བདེ་སྲུང་བྱ་བར་ཤུགས་བསྣན་པ་དང་། དེའི་ནང་དུ་མི་མང་ཚོགས་ས་རུ་དོགས་ཟོན་མཐོར་འདེགས་བྱེད་པ་དང་། གཞུང་ལམ་སྟེང་ཞིབ་བཤེར་ས་ཚིགས་འཛུགས་པ། རྒྱལ་སྤྱིའི་གནམ་གྲུ་ཐང་དང་མེ་འཁོར་འབབ་ཚིགས་ཀྱི་བདེ་འཇགས་ཞིབ་བཤེར་དང་ཚོད་འཛིན་ལ་ཤུགས་སྣོན་པ་སོགས་འདུ། ཚེས་བཅུ་བཞི་ཉིན་གྱི་ནམ་གུང་། པི་ལི་ཧྲིས་རྒྱལ་ཁབ་རང་གི་སྤྱི་པའི་བྱ་འགུལ་ཆེན་མོའི་བདེ་འཇགས་རིམ་པ་དེ་རིམ་པ་གཉིས་པ་ནས་རིམ་པ་གསར་བར་སྤར་བ་དང་། དེས་དམག་དཔུང་མངགས་ནས་མི་ཚོགས་མང་བའི་རིག་རྩལ་བྱ་འགུལ་སྤེལ་ཡུལ་དུ་སོང་ནས་བདེ་འཇགས་ལ་སྲུང་སྐྱོབ་བྱས་ཆོག་པ་མཚོན་ཡོད།
ཧྥ་རན་སིའི་གྲོས་ཁང་གི་མི་སྣས་ཚེས་བཅོ་ལྔ་ཉིན་བཤད་པ་ལྟར་ན། ཧྥ་རན་སིའི་ཙུང་ཐུང་ཨོ་ལང་ཏི་ཡིས་ཧྥ་རན་སིའི་མངའ་ཁོངས་ཡོངས་ཀྱི་ཛ་དྲག་གནས་བབ་དེ་ཟླ་གསུམ་རིང་ལ་སྲུང་འཛིན་བྱེད་རྒྱུའི་རེ་བ་བཏོན་ཟེར། ཨོ་ལང་ཏི་ཡིས་ཉིན་དེར་ཙུང་ཐུང་བཞུགས་ཤག་ནས་གྲོས་ཁང་གི་མགོ་ཁྲིད་པར་ཐུག་འཕྲད་བྱེད་སྐབས་བཤད་རྒྱུར། ཐེངས་རྗེས་མའི་ནང་སྲིད་གྲོས་ཚོགས་སྟེང་ཁྲིམས་གཞི་ཞིག་ལ་གྲོས་ཞིབ་བྱས་ཏེ། ཧྥ་རན་སིས་ཛ་དྲག་གི་གནས་བབ་ཉིན་བཅུ་གཉིས་ལ་མ་གཏོགས་སྲུང་འཛིན་བྱེད་མི་ཆོག་པའི་བཅའ་ཁྲིམས་དེར་བཟོ་བཅོས་བྱེད་དགོས་ཞེས་བཤད་ཟེར།
ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཁ་ཙིག་ན་ཧྥུའུ་ཡིས་ཚེས་བཅོ་ལྔ་ཉིན་པི་ལི་ཧྲིའི་ནང་སྲིད་བློན་ཆེན་རང་པང་ཏུའུ་དང་མཉམ་དུ་གསར་འགོད་པར་ཐུག་འཕྲད་བྱེད་སྐབས། པི་ལི་ཧྲིའི་བར་གྱི་འཇིགས་སྐུལ་ངོ་རྒོལ་མཉམ་ལས་ལ་ཤུགས་སྣོན་རྒྱུ་ཡིན་ཞེས་བཤད་ཟེར། ཁ་ཙིག་ན་ཧྥུའུ་ཡིས་ཉིན་དེར་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཚེས་ཉི་ཤུ་ཉིན་པུའུ་ལུའུ་སེར་ནས་ནང་སྲིད་དཔོན་པོའི་དམིགས་བསལ་གྲོས་ཚོགས་བསྡུ་རྒྱུའི་རེ་བ་བཏོན། ཁོས་རིམ་པ་སོ་སོ་ནས་འཇིགས་སྐུལ་ངོ་རྒོལ་འཐབ་རྩོད་ལ་ཤུགས་སྣོན་དགོས་པ་དང་། ལྷག་པར་ཡོ་རོབ་གླིང་མནའ་འབྲེལ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རིམ་པ་ནས་དེར་ཤུགས་སྣོན་དགོས་ཞེས་བཤད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།