ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཕ་རི་སིའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འཇབ་རྒོལ་བ་གཞན་པ་གཉིས་ཀྱི་ཐོབ་ཐང་རྩད་ཆོད་པ་དང་། ཁོ་གཉིས་ཀ་ཧྥ་རན་སིའི་སྤྱི་དམངས་ཡིན་ལ། པུའུ་ལུའུ་སེར་རུ་བསྡད་ཡོད་ཟེར།
དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་དྲ་ཚིགས་སྟེང་ཚེས་བཅུ་དྲུག་ཉིན་བཀོད་པའི་གནས་ཚུལ་ལྟར་ན། འཇབ་རྒོལ་བ་གཉིས་ནང་གི་གཅིག་ནི་ལོ་ཉི་ཤུ་དང་། གཅིག་ནི་ལོ་སོ་གཅིག་རེད་ཟེར། ཡིན་ན་ཡང་ཉེན་རྟོག་ཕྱོགས་ཀྱིས་མི་དེ་གཉིས་ཀྱི་མིང་ལ་ཅི་ཟེར་བ་ད་དུང་གསལ་བོར་བཤད་མེད།
ད་བར་དུ་ཧྥ་རན་སིའི་གཏན་ཁེལ་བྱས་པ་དང་ཕྱིར་བསྒྲགས་པའི་ཕ་རི་སིའི་འཇབ་རྒོལ་བ་བཞི་ཡོད་པ་དང་། ཚང་མ་ཧྥ་རན་སིའི་མི་རེད།
གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། པི་ལི་ཧྲི་རྒྱལ་ཁབ་ཀྱིད་ཚེས་བཅོ་ལྔ་ཉིན་ཕ་རི་སིའི་འཇབ་རྒོལ་དོན་རྐྱེན་ལ་འབྲེལ་བ་ཡོད་པའི་དོགས་ཡོད་ཉེས་ཅན་བདུན་བཟུང་ཟེར།
འཇབ་རྒོལ་དོན་རྐྱེན་ཁྲོད་དུ་བཀོལ་བའི་རླངས་འཁོར་གཉིས་ཀ་པི་ལི་ཧྲི་རྒྱལ་ཁབ་ནས་གླས་པ་རེད།
ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་ཕ་རི་སིའི་ཤར་འདབས་ནས་རླངས་འཁོར་དེའི་ནང་གི་གཅིག་རྙེད་པ་དང་། རླངས་འཁོར་ནང་དུ་བསྟུད་རྒྱག་མེ་མདའ་འགའ་བཞག་ཡོད།
དབྱིན་ཇིའི་རྒྱང་སྒྲོག་ཀུང་ཟིའི་གསར་འགོད་པས་བཤད་རྒྱུར། བལྟས་ཡོང་ན་ཉུང་མཐར་ཡང་འཇབ་རྒོལ་བ་གཅིག་འཇབ་རྒོལ་བྱེད་ས་ནས་བྲོས་པ་དང་། མི་དེ་ནི་རླངས་འཁོར་གཞན་པ་དེ་གླ་མཁན་ཡིན་སྲིད་ལ། ད་ལྟ་ཁོ་འཛིན་བཟུང་བྱེད་ཡུལ་གཙོ་བོར་གྱུར་ཡོད་ཟེར།
ཧྥ་རན་སིའི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་རྒྱུར། བྲོས་སོང་བའི་འཇབ་རྒོལ་བ་དེ་ནི་པུའུ་ལུའུ་སེར་རུ་བསྡད་ཡོད་པའི་ཧྥ་རན་སིའི་བུ་སྤུན་གསུམ་ནང་གི་གཅིག་ཡིན་ཡང་སྲིད་ཟེར།
ཧྥ་རན་སིའི་ཉེན་རྟོག་ཕྱོགས་ཀྱིས་རྙེད་པའི་རླངས་འཁོར་དེ་ནི་པ་ཐ་ཁི་ལན་རོལ་མོ་ཁང་གི་ཉེ་འདབས་སུ་བསྡད་ཡོད་པ་དང་། འཇིགས་སྐུལ་འཇབ་རྒོལ་ཁྲོད་དུ་རོལ་མོ་ཁང་དེ་ནས་མི་དགུ་བཅུ་ཙམ་རྐྱེན་ལམ་དུ་ཤོར་བ་རེད།
གསར་དུ་བསྒྲགས་པའི་གྲངས་ཀ་ལྟར་ན། འཇིགས་སྐུལ་འཇབ་རྒོལ་ཁྲོད་དུ་རྨས་ཕོག་པའི་མི་གསུམ་ལ་སྨན་བཅོས་བྱས་ཀྱང་མ་ཕན་པར་ཚེ་ལས་འདས་པས། འཇབ་རྒོལ་དོན་རྐྱེན་ཁྲོད་ཀྱི་འདས་པོ་བརྒྱ་དང་སོ་གཉིས་ལ་བུད་ཟེར།
དོན་རྐྱེན་ཁྲོད་ནས་འཇབ་རྒོལ་བ་བདུན་ཉེན་རྟོག་ཕྱོགས་ཀྱིས་བསད་པ་དང་། ཁོ་ཚོ་ཚང་མས་མེ་མདའ་བཟུང་བ་དང་ལུས་ལ་འགད་རྫས་བཅིངས་ཡོད། །
རྩོམ་སྒྲིག་པ། ཚེ་མཁར་རྒྱལ།
རྩོམ་སྒྲིག་འགན་འཁུར་བ། གཡང་བྷ།
འབྲེལ་ཡོད་རྩོམ་ཡིག

ཨ་ཧྥུའུ་ཧན་དུ་ས་འགུལ་དྲག་པོ་བྱུང་སྟེ་ཉུང་མཐར་ཡང་མི་ཉིས་བརྒྱ་དང་གྱ་གཉིས་རྐྱེན་ལམ་དུ་ཤོར་བ་དང་མེ་སྒོར་ས་ཡ་འགའི་གྱོང་གུད་ཐེབས།

དབྱི་སི་རལ་དང་ཅོར་ཏན་གྱིས་གྲོས་མཐུན་བཀོད་དེ་ཡེ་ལུའུ་སཱ་ལེམ་གནས་མཆོག་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་རྒྱུའི་ཚུལ་བསྟན།

འཇར་པན་གྱི་རྒྱལ་སྲུང་བློན་ཆེན་གྱིས་ད་ལོར་ཨོ་སི་ཁྲུ་ལི་ཡཱ་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བདེ་སྲུང་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་རེད།

ཨ་མེ་རི་ཁའི་ཙུང་ཐུང་གཞོན་པ་པེད་ཏིན་གྱིས་ཉིས་སྟོང་བཅུ་དྲུག་ལོའི་ཙུང་ཐུང་འདེམ་བསྐོར་ཞུགས་རྒྱུ་མིན་པ་ཁྱབ་སྒྲོག་བྱས།

བྱང་ཆིངས་རྩ་འཛུགས་ཀྱིས་གནམ་གྲུའི་ཁ་ལོ་བས་དབྱི་རག་གི་མཁའ་ཁོངས་ནས་ཨུ་རུ་སིའི་འཐབ་འཛིང་གནམ་གྲུར་ཕར་རྒོལ་བྱས་ཆོག་པའི་བཀའ་རྒྱ་བཏང་།
པར་རིས་གསར་འགྱུར།
ཞི་ཅིན་ཕེན་གྱིས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་སྲིད་འཛིན་དཔོན་པོ་ལིང་ཀྲིན་དབྱིན་ལ་མཇལ་འཕྲད་གནང་།
ཡུས་ཀྲིན་ཧྲིན་གྱིས་ཧུའུ་ནན་ཞིང་ཆེན་གྱི་བྱ་བར་གཟིགས་ཞིབ་མཛད།
ཞི་ཅིན་ཕེན་གྱིས་ནེའུ་ཙི་ལན་རྒྱལ་ཁབ་ཀྱི་ཙུང་ལི་ཡོ་ཧན་ཅི་ལ་མཇལ་འཕྲད་གནང་།
ཞི་ཅིན་ཕེན་ཉིས་སྟོང་བཅོ་ལྔ་ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་མགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གལ་ཆེན་གནང་།
བོད་ཁུལ་གསར་འགྱུར།
- སྤྱིའི་དངུལ་གཏོང་སྒོར་དུང་ཕྱུར་གསུམ་དང་བྱེ་བ་ལྔ་ལྷག་ཡིན་པའི་རྨ་ཆུའི་ཆུ་རགས་ལས་གྲྭ་དངོས་སུ་ལས་འགོ་བཙུགས་པ།
- མཚོ་ལྷོ་ཁུལ་གྱིས་རྫོང་རིམ་པའི་ལས་ཞུགས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྒྲིག་བཀོད་ཡོངས་སུ་ཁེབས་པར་བྱས།
- ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་དུས་སྐབས་ནི་གཙང་གསུམ་འབྱུང་ཡུལ་གྱི་འབྲོག་པ་མང་ཚོགས་འབྱོར་ཕྱུག་གི་ལམ་དུ་བསྐྱོད་པའི་གནད་འགག་གི་ལོ་ལྔ་རེད།
- མཚོ་སྔོན་ཞིང་ཆེན་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་བར་གྱི་གནས་སྐོར་བྱ་འགུལ་སྤེལ་བའི་མཛད་སྒོ་མཚོ་བྱང་ཁུལ་ཆི་ལེན་རྫོང་ནས་བསྡུས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་ལྔ་བ་ཞིང་ཆེན་སྤྱི་བདེ་ཐིན་དང་བཟོ་ཚོང་ཅུའུ་རུ་བསྡད་དེ་བྱ་བར་ཆེད་དོན་སྐོར་ཞིབ་བྱས།
- མཚོ་སྔོན་ཞིང་ཆེན་ཏང་ཨུའི་བཅོས་བསྒྱུར་ཟབ་སྤེལ་མགོ་ཁྲིད་ཚན་ཆུང་གིས་གྲོས་ཚོགས་བསྡུས་ནས་བཅོས་བསྒྱུར་བྱ་བ་གཙོ་བོར་ཞིབ་འཇུག་དང་བཀོད་སྒྲིག་བྱས།
- མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ཏང་གི་མང་ཚོགས་ཚོགས་པའི་ཆེད་དོན་གྲོས་ཚོགས་བསྡུས།
- མཚོ་སྔོན་གྱིས་སྤྱི་ཚོགས་རོགས་སྐྱོར་བྱ་གཞག་བཅོས་བསྒྱུར་འཕེལ་རྒྱས་སྐུལ་འདེད་བྱེད་པའི་ཆེད་དོན་བགྲོ་གླེང་འཛིན་གྲྭ་བསྡུས།
- དྲག་ཆས་ཉེན་རྟོག་བོད་ལྗོངས་སྤྱི་ཁྱབ་རུ་ཁག་གི་ཉིང་ལག་རུ་ཁག་གཉིས་པའི་དཔོན་དམག་ཚོའི་རིག་གནས་འཚོ་བ་ཕུན་སུམ་ཚོཌ་སུ་ཕྱིན་པ།